e-texts navigator
Collection
Volume
Page
Wylie

153b1 མྱི་འགྱུར་བར་ཤེས་པར་འགྱུར་ན།། ཀུན་དགའ་བོ་དགེ་སློང་དེས་ཕྱི་ནང་སྟོང་པ་ཉིད་ཡིད་ལ་བྱའོ།། ཀུན་དགའ་བོ་དགེ་སློང་དེ་ཕྱི་ནང་སྟོང་པ་ཉིད་ཡིད་ལ་བྱེད་པ་ན་ཡང་། སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ་ཕྱི
153b2 ནང་སྟོང་པ་ཉིད་ལ་སེམས་འཇུག་པར་མྱི་འགྱུར། དང་བར་མྱི་འགྱུར། གནས་པར་མྱི་འགྱུར། མོས་པར་མྱི་འགྱུར་ལ།། ཀུན་དགའ་བོག་ཏེ་དགེ་བོང་དེ་དེ་ལྟར་སོ་སོར་རྟོག་པའི་ཚེ། བདག་གི་ཕྱི་ནང་སྟོང་པ་ཉིད་ཡིད་ལ་བྱས་པ
153b3 ཡང་། སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ། ཕྱི་ནང་སྟོང་པ་ཉིད་ལ་སེམས་འཇུག་པར་མྱི་འགྱུར། དང་བར་མྱི་འགྱུར། གནས་པར་མྱི་འགྱུར། མོས་པར་མྱི་འགྱུར་བར་ཤེས་པར་གྱུར་པ་ན།། ཀུན་དག
153b4 བོ་དགེ་སློང་དེས་མྱི་གཡོའ་བ་ཡིད་ལ་བྱའོ།། ཀུན་དགའ་བོ་དགེ་སློང་ང་དེ་མྱི་གཡོའ་བ་ཡིད་ལ་བྱེད་པ་ན་ཡང་། སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ། མྱི་གཡོའ་བ་ལ་སེམས་འཇུག་པར་མྱི་འགྱུར།
153b5 དང་བར་མྱི་འགྱུར། གནས་པར་མྱི་འགྱུར། མོས་པར་མྱི་འགྱུར། ལ།། ཀུན་དགའ་བོ་གལ་ཏེ་དགེ་སློང་དེ་དེ་ལྟར་སོ་སོར་རྟོག་པའི།། ཚེ།། བདག་མྱི་གཡོའ་བ་ཡིད་ལ་བྱེད་པ་ན་ཡང་སེམས་རྣམ་པར་མྱི་གཡོ
153b6 བར་འགྱུར་ཞིང་། འདི་ལྟ་སྟེ། མྱི་གཡོའ་བ་ལ་སེམས་འཇུག་པར་མྱི་འགྱུར། དང་བར་མྱི་འགྱུར། གནས་པར་མྱི་འགྱུར། མོས་པར་མྱི་འགྱུ་ར་བར་ཤེས་པར་གྱུར་པ་ན།། ཀུན་དགའ་བོ་དགེ་སློང་དེས་སེམས་དེ་ཏིང་ངེ
153b7 འཛིན་དེ་དང་དེ་དག་ལ་གཞོལ་བར་བྱ། དུལ་བར་བྱ།། ཞི་བར་བྱ།། ལས་སུ་བྱ། བསྲོ་བར་བྱ། ཡང་དག་པར་བསྲོ་བར་བྱ། ཡོངས་སུ་བསྲོ་བར་བྱ།། དྲན་པར་བྱ་ཞིང་།། པས་སུ་རུང་བ་དང་། གནས་པ་དང་། བཅོས
153b8 སུ་རུང་བ་དངང་། བཏུབ་པར་བྱའོ་ཏེ།། ཀུན་དགའ་བོ་དགེ་སློང་དེས་སེམས་དེ་ཏིང་ངེ་འཛིན་དེ་དང་དེ་དག་ལ་གཞོལ་བར་བྱས། དུལ་བར་བས། ཞི་བར་བྱས། ལས་སུ་བྱས། བསྲོ་བར་བྱས། ཡང་དག་པར་བསྲོ་བར་བྱས།
153b9 ཡོངས་སུ་བསྲོ་བར་བྱས། དྲང་པོར་བྱས་ཤིང་། ལས་སུ་རུང་བ་དང་། གནས་པ་དང་། བཅོས་སུ་རུང་བ་དང་། བཏུབ་པར་བྱས་ཏེ།། ཕྱི་སྟོང་པ་ཉིད་ཡིད་ལ་བྱའོ།། ཀུན་དགའ་བོ་དགེ་སློང་དེ་ཕྱི་སྟོང་པ་ཉིད་ཡིད་ལ་བྱེད་པ




iiif viewer powered by OpenSeadragon

153a - 154a

Texts on this page

Ng26.4 - mdo chen po stong pa nyid chen po zhes bya ba