e-texts navigator
Collection
Volume
Page
Wylie

153a1 མྱི་འགྱུར་རོ།། དེ་བཞིན་དུ་དགེ་སློང་ཡང་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བས་ལུས་དེ་ཉིད་མངོན་པར་དྲན་པར་བྱེད།། ཡོངས་སུ་བརླན་པར་བྱེད། ཡོངས་སུ་ཚིམ་པར་བྱེད་ཅིང་། ཡོངས་སུ་ཁྱབ་པར
153a2 བྱེད་དེ།། དེའི་ལུས་ཐམས་ཅད་ལ་འདི་ལྟ་སྟེ། དབེན་པའི་ལས་སྐྱེས་པའི་དགའ་བ་དང་། བདེ་བས་ཁྱབ་པར་མ་གྱུར་པ་དང་། ཁྱབ་པར་བྱ་བ་ཆུང་ཟད་ཀྱང་མྱེད་དོ།། ཀུན་དགའ་བོ་དེ་ལྟར་ན། དགེ་སློང་ནང་ཁོ་ནར
153a3 འཇོག་པར་བྱེད། ཡང་དག་པར་འཇོག་པར་བྱེད། བསྡུས་ཏེ་འཇོག་པར་བྱེད།། ཉེ་བར་འཇོག་པར་བྱེད། དུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་གྱུར་ད་ཅིང་། ཏིང་ངེ་འཛིན་དུ་བྱེད་པ་ཡིན་ཏེ། ཀུན
153a4 དགའ་བོ་དགེ་སློང་དེས་ནི་སེམས་ནང་ཁོ་ནར་བཞག། ཡང་དག་པར་བཞག། བསྡུས་ཏེ་བཞག། ཉེ་བར་གཞག། དུལ་བར་གཞག། ཉེ་བར་ཞི་བར་བྱས།། རྒྱུད་གཅིག་ཏུ་བྱས་ཤིང་།། ཏིང་ངེ་འཛིན་དུ་བྱས་ཏེ། ཕྱི་སྟོང་པ་ཉིད
153a5 ཡིད་ལ་བྱའོ།། ཀུན་དགའ་བོ་དགེ་སློང་དེ་ཕྱི་སྟོང་པ་ཉིད་ཡིད་ལ་བྱེད། པ་ན།། སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ་ཕྱིསྟོང་པ་ཉིད་ལ་དེའི་སེམས་འཇུག་པར་མྱི་འགྱུར། དང་བར་མྱི་འགྱུར།
153a6 གནས་པར་མྱི་འགྱུར། མོས་པར་མྱི་འགྱུར་ལ། ཀུན་དགའ་བོ་གལ་ཏེ། དགེ་སློང་དེ་དེ་ལྟར་སོ་སོར་རྟོག་པའི་ཚེ། བདག་ཕྱི་སྟོང་པ་ཉིད་ཡིད་ལ་བྱེད་པ་ན།། སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ། ཕྱི་སྟོང
153a7 པ་ཉིད་ལ་སེམས་འཇུག་པར་མྱི་འགྱུར། དང་བར་མྱི་འགྱུར། གནས་པར་མྱི་འགྱུར། མོས་པར་མྱི་འགྱུར་བར་ཤེས་པར་གྱུར་པ་ན་ཀུན་དགའ་བོ།། དགེ་སློང་དེས་ནང་སྟོང་པ་ཉིད་ཡིད་ལ་བྱའོ།། ཀུན་དགའ་བོ་དགེ་སློང་དེས་ནང་སྟོང་པ
153a8 ཉིད་ཡིད་ལ་བྱེད་པ་ན་ཡང་སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ་ནང་སྟོང་པ་ཉིད་ལ་སེམས་འཇུག་པར་མྱི་འགྱུར། དང་བར་མྱི་འགྱུར། གནས་པར་མྱི་འགྱུར། མོས་པར་མྱི་འགྱུར་ལ་ཀུན་དགའ་བོ། གལ་ཏེ་དགེ་སློང་དེ་དེ
153a9 ལྟར་སོ་སོར་རྟོག་པའི་ཚེ་། བདག་དང་སྟོང་པ་ཉིད་ཡིད་ལ་བྱེད་པ་ན་ཡང་། སེམས་རྣམ་པར་གཡོ་བར་འགྱུར་ཞིང་། འདི་ལྟ་སྟེ་རང་སྟོང་པ་ཉིད་ལ་སེམས་འཇུག་པར་མྱི་འགྱུར། དང་བར་མྱི་འགྱུར། གནས་པར་མྱི་འགྱུར། མོས་པར




iiif viewer powered by OpenSeadragon

152b - 153b

Texts on this page

Ng26.4 - mdo chen po stong pa nyid chen po zhes bya ba