e-texts navigator
Collection
Volume
Page
Wylie

149b1 ཕྱིན་ཅི་མ་ལོག་པ་ཡིན་ནོ།། ཀུན་དགའ་བོ་གཞན་ཡང་དགེ་སློང་ཞིག་ཀྱེ་མ་བདག་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པར་བྱའོ་ཞེས་འདོད་པར་གྱུར་ད་ན། ཀུན་དགའ་བོ་དགེ་སློང་དེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ་དང་།
149b2 ཅི་ཡང་མྱེད་པའི་སྐྱེ་མཆེད་དུ་འདུ་ཤེས་པ་ཡིད་ལ་གྱི་བྱ་བར་མཚན་མ་མྱེད་པའི་དབྱིངས་སམ། དེ་ལ་ཁ་ཅིག་ཡིད་ལ་བྱའོ།། དེ་ལ་འདི་སྙམ་དུ་སེམས་ཏེ་འདུ་ཤེས་ཀྱི་རྣམ་པ་འདི་འདི་ལྟ་སྟེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་འདུ་ཤེས་པ
149b3 བ་དང་། ཅི་ཡང་མྱེད་པའི་སྐྱེ་མཆེད་དུ་འདུ་ཤེས་པས་སྟོང་ཡང་། འདི་ལ་འདི་ལྟ་སྟེ། མཚན་མ་མྱེད་པའི་དབྱིངས་ཁོ་ན་འམ། དེ་ལས་ཁ་ཅིག་ལ་བརྟེན་ནས། མྱི་སྟོང་པ་ཡང་ཡོད་དོ་སྙམ་མོ།། དེ་ལ་རྣམ་ཤེས་མཐའ་ཡས
149b4 སྐྱེ་མཆེད་དུ་འདུ་ཤེས་པ་དང་། ཅི་ཡང་མྱེད་པའི་སྐྱེ་མཆེད་དུ་འདུ་ཤེས་པ་ལ་བརྟེན་པ། ཉོན་མོངས་པའི་གནས་གང་དག་ཡིན་པ་དེ་དག་མྱེད་ཀྱང་། དེས་འདི་ལྟ་སྟེ། མཚན་མ་མྱེད་པའི་དབྱིངས་ཁོ་ན་འམ། དེ་ལས་ཁ་ཅིག་ལ
149b5 བརྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་ནི་ཡོད་དོ།། ཀུན་དགའ་བོ་དེ་ལྟ་བས་ན་གང་ལ་གང་མྱེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག། པར་རྗེས་སུ་མཐོང་ཡང་དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ
149b6 བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་པར་ཏུ་ཤེས་ཏེ། ཀུན་དགའ་བོ་སྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ། ཕྱིན་ཅི་མ་ལོག་པ་ཡིན་ནོ།། དེ་ལ་འདི་སྙམ་དུ་སེམས་ཏེ། མཚན་མ་མྱེད་པའི
149b7 དབྱིངས་ཀྱང་མངོན་པར་འདུས་བྱས་ཤིང་སེམས་པས། མངོན་པར་བསམས་པ་ཡིན་ཏེ། གང་མངོན་པར་འདུ་བྱས་ཤིང་སེམས་དཔས་མངོན་པར་བསམ་པ་དེ་ལ་ནི་མངོན་པར་དགའ་བར་བྱ་བ་འམ། མངོན་པར་བརྗོད་པར་བྱ་བ་འམ
149b8 ལྷག་པར་ཆགས་པར་བྱ་བ་འམ། ལྷག་པར་ཆགས་ཤིང་གནས་པར་བྱ་བར་མྱི་རིགས་སོ་སྙམ་མོ།། དེས་དེ་ལྟར་ཤེས་ཤིང་དེ་ལྟར་མསྔོ་བས་འདོད་པའི་གང་ཟག་པ་ལས་སེམས་རྣམ་པར་གྲོལ་ཞིང་སྲིད་པའི་ཟག་པ་དང་། མ་རིག་པའི
149b9 ཟག་པ་ལས་ཀྱང་སེམས་རྣམ་པར་གྲོལ་ལོ།། རྣམ་པར་གྲོལ་བས་བདག་ནི་སྐྱེ་བ་ཟད་དོ།། ཚངས་པར་སྤྱད་པ་བརྟེན་ཏོ།། བྱ་བ་བྱས་སོ།། སྲིད་པ་འདི་ལས་གཞན་མྱི་ཤེས་སོ།། ཞེས་རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བ




iiif viewer powered by OpenSeadragon

149a - 150a

Texts on this page

Ng26.3 - mdo chen po stong pa nyid ces bya ba