e-texts navigator
Collection
Volume
Page
Wylie

147b1 བོ་དེ་དེ་བཞིན་ཏེ། ངས་བཤད་པ་ཁྱོད་ཀྱིས་ལེགས་པར་ཉན་ཅིང་། ལེགས་པར་བཟུང་། ལེགས་པར་ཡིད་ལ་བྱས། ལེགས་པར་བསྟེན། ལེགས་པར་རྟོགས་པ་དེ་ནི། གཞན་དུ་མ་ཡིན་ཏེ། དེ་ཁོ་ན་བཞིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཀུན
147b2 དགའ་བོ་ང་ནི་དེའི་ཚེ་དང་། ད་ལྟར་ཡང་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པའི་ཕྱིར་རོ།། ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན། རི་དགས་འཛིན་གྱི་མའི་ཁང་བཟངས་འདི། གླང་པོ་ཆེ་དང་། རྟ་དང་། བ་ཡང་དང་། ལུག་དང་། བྱ་ཀས
147b3 དང་། ཕག་གིས་སྟོང་ཞིང་ནོར་དང་། འབྲུ་དང་། འགྲོན་བུ་དང་། གསེར་གྱིས་སྟོང་ལ།། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ནས་འཚོ་བ་དག་དང་། སྐྱེས་པ་དང་། བུད་མྱེད་དང་། ཁྱེའུ་དང་། བུ་མོ་དག་ཀྱིས་སྟོང་ཡང
147b4 འདི་ན་འདི་ལྟ་སྟེ། དགེ་སློང་གི་དགེ་འདུན་ཁོ་ན་འམ། དེ་ལས་ཁ་གཅིག་ལ་བརྟེན་ནས། མྱི་སྟོང་པ་ཡང་ཡོད་དོ།། ཀུན་དགའ་བོ་དེ་བཞིན་དུ་གང་ལ་ཡང་མྱེད་པ་དེ་དེས་སྟོང་ངོ་།། ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོ
147b5 ཡང་། དེ་ལ་ལྷག་མ་གང་ཡོད་པ་དེ་དེ་ལ་ཡོད་དོ་ཞེས་བྱ་བར་ཡངདག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། ཀུན་དགའ་བོསྟོང་པ་ཉིད་ལ་འཇུག་པ་འདི་ནི་ཡང་དག་པའི་ཇི་ལྟ་བ་བཞིན་ཏེ།
147b6 ཕྱི་དང་ཅི་མ་ལོག་པ་ཡིན་ནོ།། ཀུན་དགའ་བོ་དེ་ལྟ་བས་ན། དགེ་སློང་ཡང་། ཀྱེ་མ་བདག་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་པར་བྱའོ།། ཞེས་འདོད་པར་འགྱུར་ན།། ཀུན་དགའ་བོ་དགེ་སློང་དེས་གྲོང་དུ
147b7 འདུ་ཤེས་པ་དང་། མྱིང་འདུ་ཤེས་པ་ཡིད་ལ་མྱི་བྱ་བར་དགོན་པར་འདུ་ཤེས་པ་འམ། དེ་ལས་ཁ་གཅིག་ཡིད་ལ་བྱའོ།། དེ་འདི་སྙམ་དུ་སེམས་ཏེ། འདུ་ཤེས་ཀྱི་རྣམ་པ་འདི་ལྟ་སྟེ། གྲོང་དུ་འདུ་ཤེས་པ་དང་། མྱིར་འདུ་ཤེས་པས་སྟོང
147b8 ཡང་འདི་ལ་འདི་ལྟ་སྟེ། དགོན་པར་འདུ་ཤེས་པ་ཁོ་ན་འམ། དེ་ལས་ཁ་གཅིག་ལ་བརྟེན་ནས་མྱི་སྟོང་པ་ཡང་ཡོད་དོ་སྙམ་མོ།། དེ་ལ་གྲོང་དུ་འདུ་ཤེས་པ་དང་། མྱིར་འདུ་ཤེས་པ་ལ་བརྟེན་པ། ཉོན་མོངས་པའི་གནས་གང་དག་ཡིན་པ་དེ་དག
147b9 བྱེད་ཀྱང་དེ་ལ་འདི་ལྟ་སྟེ། དགོན་པར་འདུ་ཤེས་པ་ཁོ་ན་འམ།། དེ་ལས་ཁ་གཅིག་ལ་བརྟེན་པ་ཙམ་གྱི་ཉོན་མོངས་པའི་གནས་ནི་ཡོད་དོ།། ཀུན་དགའ་བོ་དེ་ལྟ་བས་ན། གང་ལ་གང་མྱེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག་པར




iiif viewer powered by OpenSeadragon

147a - 148a

Texts on this page

Ng26.3 - mdo chen po stong pa nyid ces bya ba