| e-texts navigator |
| Wylie |
146b1 བར་སྤྲོའོ།། བྱ་རྒུ་མེས་དང་ལེ་གེ་རྒྱས་མ་དྨ་ཀྲིགསོལདཔ། དག་ཀྱི་སེམས་ཅན་རྣམས་ལ་ཡེ་ཤེས་ཆེན་པོའི་ཆོས་ཀྱི་རྒྱལ་མཚན་སྦྱིན་པར་བགྱི་བར་སྤྲོའོ།། བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་མཚན་གྱིས་གསོལ་ད་པ། བཅོམ་ལྡན་འདས
146b2 བདག་གྱིས་ནི་སེམས་ཅན་རྣམས་ལ་ཆོས་ཡོངས་སུ་སྦྱིན་པར་སྤྲོའོ།། བྱང་ཆུབ་སེམས་དཔའ་གཉི་འོད་གིས་གསོལ་པ། བཅོམ་ལྡན་འདས་བདག་གྱིས་ནི་སེམས་ཅན་རྣམས་ལ་བདེ་བར་སྦྱིན་པར་སྤྲོའོ།། བྱང་ཆུབ
146b3 སེམས་དཔའ་ཟླ་འོད་ཀྱིས་གསོལ་བ། བཅོམ་ལྡན་འདས་བདག་གིས་ནི་སེམས་ཅན་རྣམས་ལ་བསོད་ནམས་ཀྱི་ལས་བྱེད་དུ་གཞུག་པར་བསྐུལ་བར་སྤྲོའོ།། བྱང་ཆུབ་སེམས་དཔའ་དགེ་སྦྱོང་གིས་གསོལ་པ། བཅོམ
146b4 ལྡན་འདས་བདག་ནི་སེམས་ཅན་རྣམས་ལ་ཐམས་ཅད་བག་མྱེད་པ་ལ་མྱི་གནས་པར་བསྐུལ་བར་སྤྲོའོ།། བྱང་ཆུབ་སེམས་དཔའ་བློ་གྲོས་མྱི་ཟད་པས་གསོལ་པ། བཅོམ་ལྡན་འདས་བདག་ནི་སེམས་ཅན་ཐམས་ཅད་ལ་ཟད
146b5 མྱི་ཤེས་པའི་དབྱིངས་ཀྱི་དོན་མཐོང་བར་བསྟན་པར་སྤྲོའོ།། བྱང་ཆུབ་སེམས་དཔའ་ཟླ་བའི་བུས་གསོལ་པ། བཅོམ་ལྡན་འདས་བདག། ནི་སེམས་ཅན་ཐམས་ཅད་ལ་བླ་ན་མྱེད་པའི་བདེ་བ་སྦྱིན་པ་བགྱི་བར་སྤྲོའོ།།
146b6 ཞེས་བྱང་ཆུབ་སེམས་དཔའ་དེ་དག་སོ་སོ་ནས་དམ་བཅས་སོ།། བྱང་ཆུབ་ཡོངས་སུ་བརྒྱན་ཅིང་། སེམས་ཅན་ཐམས་ཅད་ལ་ཕན་ཞི་ང་བདེ་བ་དང་། སངས་རྒྱས་ཀྱི་བཀའ་དྲིན་དྲན་ཞིང་། སངས་རྒྱས
146b7 ཀྱི་བཀའ་དྲི་བསབ་པའི་ཕྱིར་བསྟན་ལས་ལངས་ནས་ཐལ་མོ་སྦྱར་བ་བཏུད་རེ། སངས་རྒྱས་ཀྱི་མདོ་སྡེ་འདི་བདག་ཅག་ལ་གཏད་དུ་གསོལ་ཞེས་གསོལ་ཏོ།། དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།།
146b8 བཅོམ་ལྡན་འདས་མདོ་སྡེ་འདི་མཚན་ཅི་ཞེས་བགྱི།། ཇི་ལྟར་ཡོངས་སུ་གཟུང་། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་ད་པ།། མདོ་སྡེ་འདིའི་མྱིང་དགེ་བའི་དངོས་པོ་ཀུན་བསྡུ་བ་ཞེས་ཀྱང་བྱ། ཐབས་མཁས་པ་ཆེན
146b9 པོ་ཞེས་ཀྱང་བྱ།། དགོངས་པ་དམ་པའི་སྤྱོད་པ་ཞེས་ཀྱང་བྱ། སངས་རྒྱས་དྲིན་ལན་བསབ་པ་ཞེས་ཀྱང་བྱའོ།། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་འདི་སྐད་ཅེས་བཀའ