| e-texts navigator |
| Wylie |
146a1 དྲུང་དུ་སོང་སྟེ། བདུད་ཀྱི་དཔུང་རྣམས་བཏུལ་ཏེ་མངོན་པར་སངས་རྒྱས་ནས། ཡང་དག་པར་ཆོས་ཀྱི་འཁོར་ལོ་བསྐོར་ཏོ།། སོ་སོའི་སྐྱེ་བོ་ལ་ཕན་པ་དང་བདེ་བའི་དོན་དུ། འདོད་པའི་ཆུ་ཀླུང་ལས
146a2 བསྒྲལ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པའི་འགྲམ་དུ་བཀོད་དོ།། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་ཡོངས་སུ་རྫོགས་པར་བྱས་སོ།། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་དང་། བྱང་ཆུབ
146a3 སེམས་དཔའ་སེམས་དཔའ་ཆེན་པོ་ལ་བཚོགས་ཏེ་འཁོར་མང་པོ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ད་ཏོ།། རིགས་ཀྱི་བུ་དག་ཁྱེད་རྣམས་ལས་སུ་ཞིག་སངས་རྒྱས་ཀྱི་བཀའ་དྲིན་རྟག་ཏུ་གཟོ་ཞིང་དམ་ཆོས་སྲུང་བའི་ཕྱིར
146a4 ཐབས་མཁས་པ་ཆེན་པོ་དྲིན་ལན་བསབ་པའི་མདོ་སྡེ་ཤིན་ཏུ་ཟབ་མོ་འདི་གླེགས་བམ་དུ་བྲིས་པ་དང་། ཀློག་པ་དང་། ཁ་ཏོན་བྱེད་པར་འགྱུར། སུ་ཞིག་གིས་ཕྱི་མའི་དུས་ངན་པའི་ཚེ་བརྩོན་འགྲུས་བསྐྱེད་དོ།། བླ་ན་མྱེད
146a5 པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་བསྲུང་ཞིང་གཟུངས་སུ་འཛིན་པར་འགྱུར།། སུ་ཞིག་གྱིས་ཆོས་བསྲུང་བའི་ཕྱིར་མདོ་སྡེ་འདི་རྒྱས། པར་སྤེལ་ཞིང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་བྱེད
146a6 པར་ནུས་ཤེས་བཀའ་མཿལད་པ་དང་། དེའི་ཚེ་འཁོར་དེ་ཉིད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྲི་བརྒྱད་སྟོང་སྙེད་འདུག་པ་ལས་ལངས་ཏེ། ཀོས་ཚགས་བཅོས་ནས་བླ་གོས་ཕྱོགས་གཅིག་ཏུ
146a7 གཟར་ཏེ་ག་པུས་མོ་གཡས་པའི་ལྟ་བ་ས་ལ་གཙུགས་ཏེ། ཐལ་མོ་སྦྱར་བ་བཏུད་དེས་སངས་རྒྱས་ལ་འདི་སྐད་ཅེས་གསོསད་ཏོ།། བཅོམ་ལྡན་འདས་བདག་ཅག་གི་སྲམ་ས་དུས་ངན་པའི་ཆེ།། བླ་ན་བྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི
146a8 བབྱུང་ཞིང་འདས་པའི་ཆོས་ཡོངས་སུ་གཟུང་སྟེ། སེམས་ཅན་མང་པོ་ལ་ཕན་པའི་དོན་བྱེད་པར་སྤྲོའོ།། དེ་དས་བྱང་ཆུབ་སེཾས་དཔའ་སེང་ཤེས་འདི་སྐད་ཅེས་གསོལྡ་ཏོ།། བཅོམ་ལྡན་འདས་བདག་ཀྱང་ལབས་རྡེབ་སཱ་ཀྱིས་སེམས་ཅད་ནཔ་ཡོངས་སུ
146a9 xxx