e-texts navigator
Collection
Volume
Page
Wylie

145b1 རྫོགས་པ་འམ་གསལ་བ་མ་ཡིན་ནོ།། སྤྱོད་པ་བཅུ་གསུམ་ལ་གནས་པ་ན། མཚན་རྣམས་ཀྱང་མངོན་པར་གསལ་བར་ཡོངས་སུ་རྫོགས་སོ།། སངས་རྒྱས་ཀྱི་ཆོས་ཀྱིས་མཚན་གྲངས་མྱེད་མོད་ཀྱི། སེམས་ཅན་རྣམས
145b2 ལ་མྱི་མཐུན་ཏེ། རབ་དང་འབྲིང་དང་། ཐ་མ་ཡོད་པས་བསམ་གྱིས་མྱི་ཁྱབ་པས།། དེ་བས་ན་སངས་རྒྱས་ཀྱིས་མཚན་བཟངས་སུམ་བཅུ་རྩ་གཉིས་གསུངས་སོ།། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཅི་ཙམ་ཡོད་པ་ཕྱོགས
145b3 གཅིག་དུ་བསྡུས་ཏེ་སྤུངས་ནས། དེ་བཞིན་གཤེགས་པའི་བ་སྤུ་གཅིག་གི་མཚན་དང་མཉམ་མོ།། བ་སཱ་ཁུང་བུ་ཐམས་ཅད་ཀྱི་བསོད་ནམས་ནི་ཇི་སྙེད་ཅིག་ཡོད་པ་གཅིག་ཏུ་བསྡུས་ཏེ་སྤུངས་ན། དཔེའ་བྱད་བཟང་པོ་གཅིག་དང་མཉམ
145b4 མོ། དཔེའ་བྱད་བཟང་པོ་ཇི་ཙམ་ཡོད་པའི་བསོད་ནམས་ཅི་སྙེད་ཡོད་པ་དེ་དག་ལས་བརྒྱ་འགྱུར་དུ་བྱས་ན་མཚན་གཅིག་དང་མཉམ་སྟེ།། སྨིན་མཚམས་ཀྱི་མཛོད་ཡུ་དཀར་པོའི་མཚན་དང་། སྤྱི་གཙུག་མཚན་ལྟར་མྱི་སྣང་བའི་མཚན་ནི
145b5 མ་གཏོགས་སོ།། དེ་མ་ཡིན་པའི་མཚན་གཞན་ཐམས་ཅད་གཅིག་ཏུ་བསྡུ་ས་ཏེ་སྟོང་འགྱུར་དུ་བྱས་ན་མཚན་ཀོང་མ་གཉིས་སུ་འགྱུར་རོ།། མཚ། ན་སུམ་བཅུ་རྩ་གཉིས་དང་། དཔེའ་བྱད་བཟང་པོ་བརྒྱ་བཅུའི་པོའི་བསོད
145b6 ནམས་ཇི་སྙེད་པ་གཅིག་ཏུ་བསྡུས་སྤུངས་ཏེ་ཁྲི་ཕྲག་སྟོང་འགྱུར་དུ་བྱས་པ་དང་། དེ་བཞིན་གཤེགས་པའི་འབྲུག་སྒྲ་ལྟ་བུའི་དབྱངས་ཟབ་ཅིང་རྒྱ་ང་རིང་པོ་འགྲགས་པའི་མཚན་དང་མཉམ་སྟེ། གསུང་སྒྲ་དེས་ནི་སངས
145b7 རྒྱས་ཀྱི་ཞིང་ཚད་མྱེད་མཐའ་ཡས་བསམ་གྱིས་མྱི་ཁྱབ་པའི་རྡུལ་ཕྲ་རབ་སྙེད་དུ་གྲགས་ཤིང་། སེམས་ཅན་གི་དོན་དུ་བྱམས་པ་དང་། སྙིང་རྗེ་ཆེན་པོ་སྤྱོད་པས། དྲིན་ཤེས་པ་དང་། དྲིན་བསབ་པ་འདི་ནི་བསམ་གྱིས་མྱི་ཁྱབ། ཤི་ནད་ཏུ
145b8 ཟབ་ཅིང་མཆོག་དམ་པ་ཡང་བསམ་གྱིས་མྱི་ཁྱབ་པོ།། དེ་ལྟར་མཚན་དང་དཔེའ་བྱད་བཟང་པོ་དེ་དག་རེ་རེས་ཀྱང་སོ་སོའི་སྐྱེ་བོ་ཚད་མྱེད་གྲངས་མྱེད་པ་བྱེ་བ་བརྒྱ་སྟོང་གི་ས་ཆེན་པོའི་རྡུལ་ཕྲ་རབ་སྙེད་ལ་ཕན་པ་དང་བདེ་བའི་དོན་བྱས་ནས
145b9 བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་གོ།། དེ་ལྟར་ན་མཐར་གྱིས་སྒྲུབ་པ་ཡོངས་སུ་རྫོགས་ནས། མཚན་དང་དཔེའ་བྱད་བཟང་པོ་རྣམ་གཉིས་ཐོབ་སྟེ། མཚན་དང་དཔེའ་བྱད་བཟང་པོ་ཡོངས་སུ་རྫོགས་ནས།། བྱང་ཆུབ་ཀྱི་ཤིང




iiif viewer powered by OpenSeadragon

145a - 146a

Texts on this page

Ng26.2 - thabs mkhas pa chen po sangs rgyas drin lan bsab pa'i mdo