e-texts navigator
Collection
Volume
Page
Wylie

145a1 བ་ཟླུམ་པ་དང་། སྒྲོག་རུས་གང་བ་དང་། ལུས་དྲང་བ་དང་། ལྕེ་རིང་ཞིང་ཡངས་པའི་མཚན་དང་ལྡན་པ་ཡིན་ནོ།། དེ་ཡང་བྱ་བ་རྟག་ཏུ་བྱས་ན། དེའི་རྒྱུས་སོར་མོ་རིང་བའི་མཚན་དང་། ལག་པས་པུས་མོ
145a2 སླེབས་པ་དང་། འོད་རྟག་པ་འདོས་ཀྲུང་གི་མཚན་དང་། སོ་བཀས་བཟང་ཞིང་ལ་ཡོ་མྱེད་པའི་མཚན་ཐོབ་བོ།། བྱ་བ་ཡོངས་སུ་དག་པར་བྱས་ཡ། དེའི་རྒྱུས་ལྷག་མ་གཞན་རྣམས་ཐོབ་པར་འགྱུར་རོ།། གཞན་ཡང་སེམས
145a3 ཅན་དག་ལ་དགེ་བ་འབའ་ཞིག་ཀྱིས་བསྐྱེད་པས། དེའི་རྒྱུས་རྒ་ལག་མཉེན་ཞིང་འཇམ་པ་དང་། པགས་པ་མཉེན་ཞིང་འཇམ་ལ་དྲི་མས་མྱི་གོས་པའི་མཚན་ཐོབ་པོ།། རིམས་ཀྱིས་བསྒོམ་ཞིང་སྤྱོད་པ་དང་། དུས་བཞིན་དུ་བསྒོམས
145a4 གང་སྤྱོད་པས་དེའི་རྒྱུས་གཉིས་པ་དང་། གསུམ་པ་དང་། བཞི་པའི་མཚན་ཐོབ་པོ།། དགེ་བའི་ཆོས་བསྒོམ་པ་ལ་མོས་ཤིང་འགྱོད་པའི་སེམ་ངས་མྱེད་པས། དེའི་རྒྱུས་ལུས་ཀྱི་མདོག་གསེར་ལྟ་བུ་དང་། འོད་རྟག་པ
145a5 དང་། སོ་དཀར་བ་དང་། སྤྱིན་མཚམས་ཀྱི་མཛོད་སྤུའི་མཚན་ཐོབ་པོ། བསྟོད་ཅིང་སྔགས་ན་ཡང་ང་རྒྱལ་མྱི་སྐྱེ་ལ། བདག་གི་ལེགས་པ་བཅབས་ཏེ་རློམ་སེམས་མྱེད་ན། དེའི་རྒྱུས་རྟ་ལྟ་བུར་མཚན་སྦུབས་སུ
145a6 ནུབ་པའི་མཚན་ཐོབ་པོ།། དགེ་བའི་ལས་བྱས་པ་བྱང་ཆུབ་དུ་བསྔོས་ན་དེའི་རྒྱུས་པ་སྤུ་ཁུང་རེ་རེ་ནཱ་སྥུ་རེ་རེ་སྐྱེ་ཇི་མཚན་དང་། བ་སྤུ་གྱེན་དུ་ཉལ་བའི་མཚན་དང་། སོ་བཞི་བཅུ་དང་ལྡན་པ་དང་། རོ་བྲོ་བའི་མཆོག་གི་མཚན
145a7 ཐོབ་པོ་རྟག་ཏུ་བརྩོན་འགྲུས་བྱས་ན་དེའི་རྒྱུས་འགྲམ་པའི་ལྷང་བཟླུམ་པ་དང་། ལུས་ཀྱི་སྟོད་སེང་གེ་ལྟ་བུའི་མཚན་ཐོབ་པོ།། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་སྡུག་པར་བསམས་པས།། དེའི་རྒྱུས
145a8 པོ་ཟགས་བཟང་ཞིང་མཉམ་པ་དང་། མྱིག་མཐོན་ཏིང་དུ་འདུག་པ་དང་།། མྱིག་ལྷུང་མཆོག་གི་རྒྱལ་པོ་ལྟ་བུའི་མཚན་ཐོབ་པོ།། དགེ་བའི་ཆོས་བསྒྲུབ་པ་ལ་སྐྱོ་ཞིང་ངལ་བའི་སེམས་མྱེད་པས། མཚན་ལྷག་མ་གཞན་རྣམས་ཐོབ་བོ།།
145a9 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་ཉིད་ལ་སྤྱོད་ཅིང་གནས་པའི་ཚེ། མཚན་སུམ་བཅུ་པ་གཉིས་ཀྱི་ལས་མྱེད་དེ།། རྟག་པར་དག་པའི་སྤྱོད་པ་ལ་གནས་པའི་ཚེ་མཚན་སུམ་བཅུ་རྩ་གཉིས་ཡོད་མོར་གྱི། ཡོངས་སུ




iiif viewer powered by OpenSeadragon

144b - 145b

Texts on this page

Ng26.2 - thabs mkhas pa chen po sangs rgyas drin lan bsab pa'i mdo