| e-texts navigator |
| Wylie |
144b1 སེམས་ཅད་ལ་ཟ་ན་མྱེད་པའི་ཆོས་ཀྱི་རོ་རྟག་ཏུ་གཏོང་ཞིང་། བརྗེད་ཅིང་མྱི་དྲད་པ་ལ་ཡང་དྲན་པར་བྱས་ཏེ། བདག་ཀྱང་ཚུལ་ཁྲིམས་བསྲུངས་ལ། གཞན་ཡང་བསྲུང་བར་བསྐུལ་ཞིང་བྱམས་པའི་སེམས་ཀྱིས་ཆོས་ཀྱི
144b2 སྦྱིན་པ་ཆེན་པོ་བྱས་ན། དེའི་རྒྱུ་དེའི་རྐྱེན་ཀྱིས་ཤའི་ཙུག་ཏོར་གི་མཚན་དང་། ལྕེ་རིང་ཞིང་ཡངས་པའི་མཚན་དང་ལྡན་པ་ཡིན་ནོ།། བདེན་པའི་ཚིག་དང་། ཆོས་ཀྱི་ཚིག་པའི་ཚིག་དང་མཉེན་ངེས་པའི་ཚིག་སྨྲའི།། དུས
144b3 མ་ཡིན་པའི་ཚིག་མྱི་སྨྲ་བས།། དེའི་རྒྱུ་དེའི་རྐྱེནད་ཀྱིས་ཚངས་པའི་སྒྲ་དབྱངས་དང་ལྡན་པ་ཡིན་ནོ།། སྙིང་རྗེའི་སེམས་བསྒོམས་པས་སེམས་ཅན་རྣམས་ལ་ཕ་མ་ལྟ་བུར་ལྟ་བས། དེའི་རྒྱུ་དེའི་རྐྱེན་ཀྱིས་མྱིག་མཐོན
144b4 ཏིང་ལྟར་འདུག་པ་དང་། མྱིག་ཁྱུང་མཆོག་ཀྱི་རྒྱལ་པོ་ལྟ་བུའི་མཚན་དང་ལྡན་པ་ཡིན་ནོ།། ཡོན་ཏན་དང་ལྡན་པའི་ལེགས་པ་མྱི་འཆབ་ཅིང་བསྟོད་ཅིང་བསྔགས་པས་དེའི་རྒྱུ་དེའི་རྐྱེནད་ཀྱིས་མཛོད་སྤུ་དཀར
144b5 པོའི་མཚན་དང་ལྡན་པ་ཡིན་ནོ།། མཚན་སུམ་བཅུ་རྩ་གཉིས་པོ་འདི་དག་ནི་རྒྱུ་དང་རྐྱེན་སོ་སོར་བཤད་མོད་ཀྱི། དེའི་རྒྱུ་དེའི་རྐྱེནད་ཡ་ང་དག་པ་ནི་ཚུལ་ཁྲིམས་དང་། བརྩོན་འགྲུས་སོ།། དེ་ཅིའི་ཕྱིར
144b6 ཞེ་ན། གལ་ཏེ་ཚུལ་ཁྲིམས་མ་བསྲུངས། བརྩོན་འགྲུས་མ་སྤྱད་ན་མྱིའི་ལུས་ཀྱང་ཐོབ་པར་མྱི་ནུས་ན། མཚན་སུམ་བཅུ་རྩ་གཉིས་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། སྤྱི་གཙུག་ལྟར་མྱི་སྣང་བ་དང་། ཤའི་གཙུག་ཏོར
144b7 གི་མཚན་གཉིས་ལ་ཐ་དད་པ་མྱེད་དོ།། གཞན་ཡང་ཅི་བྱེད་དོ་ཅོག་ལ་གཅིག་དུ་མ་ངེས་ཏེ་འགྱོད་པའི་སེམས་མྱེད་ན། དེའི་རྒྱུ་དེའི་རྐྱེ་ནད་ཀྱིས་རྐང་འཐིལ་མཉམ་པར་གང་བའི་མཚན་ཐོབ་པོ།། དེ་ཡང་སེམས་པ་རྩེ་གཅིག
144b8 དུ་བྱས་མ། དེའི་རྒྱུས་འཁོར་ལོ་འཐིབས་སྟོང་དང་ལྡན་པའི་མཚན་དང་། མཚན་གསུམ་པ་དང་། བཞི་པ་དང་། སོར་མོའི་བར་འབྲེལ་པ་དང་། གནས་བདུན་མཉམ་པར་གང་བ་དང་། མཉེན་ཞིང་འཇམ་པ་དང་། ཕྲག