| e-texts navigator |
| Wylie |
144a1 སུ་འཁྱིལ་བའི་མཚར་དང་ལྡན་པར་གྱུར་པ་ཡིན་ནོ།། ཕ་རོལ་པོ་གཞན་དག་ལ་ཟས་དང་སྐོམ་དང་རྒྱན་དང་། དེ་ལ་སྩོགས་པ་བྱིང་ཞིང་ཞེ་སྡང་གི་སེམས་མྱེད་ན།། དེའི་རྒྱུ་དེའི་རྐྱེན་གྱིས་གསེར་ཙོ་མའི་མདོག
144a2 དང་ལྡན་པ་དང་། འོད་རྟག་པའི་མཚན་གཉིས་དང་ལྡན་པ་ཡིན་ནོ།། ཅིའི་ལས་ཀྱིས་བ་སྐྲའི་ཁུང་བུ་རེ་རེ་ནས། སྤུ་རེ་རེ་སྐྱེས་པའི་མཚན་དང་ལྡན་པ་གང་ཞེ་ན། ལས་དེ་ཉིད་ཀྱི་རྒྱུ་ལས་གྱུར་ད་ཏེ། ལས་ཀྱི་རྒྱུ་དེ་ཉིད་ཀྱིས་ལུས
144a3 གཉེར་ཞིང་འཇམ་ལ།། རྡུལ་དང་དྲི་མས་མྱི་གོས་པའི་མཚན་དང་ལྡན་པ་ཡིན་ནོ།། སེམས་ཅན་དག་ལ་དགོས་པའི་ཟང་ཟིང་རྒྱུན་ཏུ་གཏོང་བས་ན། དེའི་རྒྱུ་དེའི་རྐྱེན་གྱིས་གནས་བདུན་མཉམ་པར་གང་བའི་མཚན་དང་ལྡན་པ
144a4 ཡིན་ནོ།། བདག་གི་ང་རྒྱལ་དང་དྲེགས་པ་བཅོམ་ནས་རང་བཞིན་གྱིས་མཉེམ་ཞིང་ངེས་པའི་སེམས་ཀྱིས་སེམས་ཅན་གྱི་ཡིད་དང་སྦྱོར་ཏེ། ཆོས་བཞིན་དུ་སྤྱོད་ལ། མྱི་དགེ་བའི་ཆོས་སྤངས་པའི་ཕྱིར་དགེ་བའི
144a5 ཆོས་སྟོན་ན། དེའི་རྒྱུ་དེའི་རྐྱེན་ཀྱིས་རོ་སྟོད་ན་རི་རིགས་ཀྱི་རྒྱལ་པོ་སེང། གེ་ལྟ་བུའི་མཚན་དང་། སྨིན་མཚམས་ཀྱི་མཛོད་སྤུའི་མཚན་དང་སྒྲོ་ག་རུས་མཉམ་པར་གང་བའི་མཚན་དང་། སོར་མོ་རང་བའི་མཚན
144a6 དང་། ལུས་ཀྱི་མཐའ་འཇམ་པའི་མཚན་དང་ལྡན་པ་ཡིན་ནོ།། ཕྲ་མ་ཡོངས་སུ་སྤངས་ཏེ་ཆོད་ཅིང་མཁོན་པའི་སྡུམས་བྱས་པས། དེའི་རྒྱུ་དེའི་རྐྱེན་ཀྱིས་སོ་བཞི་བཅུ་དང་ལྡན་པའི་མཚན་དང་། སོའི་ཐགས་བཟང་བའི
144a7 མཚན་དང་ལྡན་པ་ཡིན་ནོ།། འདོད་པའི་ཁམས་ཀྱིས་བྱམས་པ་བསྒོམས་པས། དེའི་རྒྱུ་དེའི་རྐྱེན་ཀྱིས་སོ་དཀར་པོའི་མཚན་དང་ལྡན་པ་ཡིན་ནོ།། སློང་བ་མཐོང་ན་དཀའ་བའི་སེམས་ཀྱིས་བསུ་བསྐྱལ་བྱས་པས། དེའི
144a8 རྒྱུ་རེའི་རྐྱེན་གྱིས་སེང་གེའི་འགྲམ་པ་ལྟ་བུའི་མཚན་དང་ལྡན་པར་གྱུར་པ་ཡིན་ནོ།། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་ནམ་འདྲ་བར་ལྟ་བས། དེའི་རྒྱུ་དེའི་རྐྱེན་ཀྱིས་རོ་བྲོ་བའི་མཆོག་གི་མཚན་དང་ལྡན་པ་ཡིན་ན