| e-texts navigator |
| Wylie |
143b1 དེའི་རྒྱུ་དེའི་རྐྱེན་ཀྱིས་སོར་མོ་ཕྲ་ཞིང་རིང་བར་གྱུར་ད་པའི་མཚན་དང་ལྡན་པར་གྱུར་པ་ཡིན་ནོ།། གོང་དུ་སྨོས་པའི་བྱ་བ་གསུམ་དང་ལྡན་པས་རྟིང་པ་ཟླུམ་པ་གང་བའི་མཚན་དང་ལྡན་པར་གྱུར་ད་པ་ཡིན་ནོ།། བསྡུ་བའི་ཆོས་རྣམ་པ
143b2 བཞིས་འགྲོ་བ་མང་པོ་ཡོངས་སུ་བསྡུས་པས་དེའི་རྒྱུ་དེའི་རྐྱེན་གྱིས་སོར་ཡོའི་བར་དྲ་གྲ་འབྲེལ་བའི་མཚན་དང་ལྡན་པར་གྱུར་ད་པ་ཡིན་ནོ།། མར་དང་འབྲུ་མར་གིས། ཕ་མ་དང་། སློབ་དཔོན་དང་། བླ་མ་དང་། ཡོན་ཏན་དང་ལྡན་པའི་གང་ཟག་གི་ལུས
143b3 ལ་བསྐུས་ཤིང་མཉེས་པས། དེའི་རྒྱུ་དེའི་རྐྱེན་གྱིས་རྒ་ལག་མཉེན་ཞིང་རི་པ་ལ་འཇམ་པ་ཡིན་ནོ།། དགེ་བའི་ཆོས་བསྒོམ་པ་ལ་མྱི་སྐྱོ་བས། དེའི་རྒྱུ་དེའི་རྐྱེན་ཀྱིས་ཐལ་གོལ་མཉམ་ལ་ལག་ངར་ཟླུམ་ཞིང་ཤུགས་ཀྱིས་གཞོལ་བ་ཡིན་ནོ།།
143b4 ཆོས་ཐོས་པར་དཀའ་ཞིང་གཞན་ལ་ཆོས་སྟོན་པར་ཡང་མོས་ཏེ། ཆོས་ཀྱི་ཕྱིར་མྱངག་བཞུགས་ཀྱི་ལས་བྱས་ན། དེའི་རྒྱུ་དེའི་རྐྱེན་གྱིས་ལོང་བུའི་རུས་པ་མྱི་སྣང་བའི་མཚན་དང་ལྡན་པ་ཡིན་ནོ།། སྒོ་གསུམ་ཡོངས་སུ་དག་ཅིང་ནད
143b5 གཡོག་དང་། སྨན་གི་སྦྱིན་པ་བྱིན་ཏེ། ང་རྒྱལ་མྱེད་པ་ལ་བཟའ་བ་དང་། བཏུང་བ་ཆོག་ཤེས་པའི་རྒྱུ་དང་རྐྱེན་ཀྱིས།། ལུས་དྲང་པོར་འགྲེང་ན་ལག། པས་པུས་མོ་བསླེབས་པ་ཡིན་ནོ།། མཁོན་གཅུགས་སུ་གྱུར་ད་པ་ལ
143b6 ཚིག་འཇམ་པོས་བསྡུས་ཏེ་བདག་ཀྱང་ངོ་ཚ་བའ་དང་ལྡན་པའི་ཆོས་སྤྱད་དེ། གཞན་ཡང་སྤྱོད་དུ་བཅུག་ན་དེའི་རྒྱུ་དེའི་རྐྱེན་ཀྱིས་རྟའི་རྒྱལ་པོ་ལྟར་མ་ཚམས་སྦུབས་སུ་ནུབ་པ་ཡིན་ནོ།། བདག་གི་སྒོ་གསུམ་ཡོངས་སུ
143b7 དག་པ་ལ། གཞན་ཡང་ཡོངས་སུ་དག་པར་བྱེད་ཅིང་སེམས་ཅན་དག་ཆེན་པོ་བཞི་འཁྲུགས་ཏེ་ནང་དུ་གྱུར་པའི་སྨན་སྤྱད་ཀྱིས་སོས་ན། དེའི་རྒྱུ་དེའི་རྐྱེན་ཀྱིས་ལུས་ཀྱི་མཚན་ཡོངས་སུ་རྫོགས་པ་ཡིན། ཆོས་ཐོས་པར་དགའ་ཞིང
143b8 གཞན་ལ་ཆོས་སྟོན་པར་མོས་ན། ལུས་ཀྱི་སྤུ་གྱེན་དུ་ཉལ་བའི་མཚན་དང་ལྡན་པ་ཡིན། ཆོས་ཀྱི་དོན་ཟབ་མོ་ཡིད་ལ་བགྱིད་ཅིང་དགེ་བའི་ཆོས་བསྒོམ་པ་ལ་མོས་ལ། ཕ་མ་དང་སློབ་དཔོན་དང་། བླ་མ་དང་ཡོན་ཏན་དང་ལྡན་པའི
143b9 གང་ཟག་ལ་མཆོད་པ་བྱས་པ་དང་། སངས་རྒྱས་ཀྱི་མཆོད་རྟེན་དང་། དགེ་འདུན་གི་གནས་ཁང་དང་། ཨ་སྲ་ན་འདུག་པའི་བོང་བ་འམ་རྡོ་འམ། ཚེར་མ་འམ་མྱི་གཙང་བ་མྱེད་པར་བྱས་ན། དེའི་རྒྱུ་དེའི་རྐྱེན་གྱིས་བ་སྤུ་རེ་རེ་ནས་གཡས