e-texts navigator
Collection
Volume
Page
Wylie

143a1 ཡིན། རྟག་པའི་འོད་འདོམ་གང་དང་ལྡན་པ་ཡིན། པགས་པ་མཉེན་ཞིང་འཇམ་ལ་རྡུལ་དང་དྲི་མས་མྱི་གོས་པ་ཡིན། གནས་བདུན་ཡོངས་སུ་གང་བ་ཡིན། སྐུའི་སྟོད་སེང་གེ་ལྟར་འདུག་པ་ཡིན། ཕྱག་གི
143a2 ལགང་ཟླུམ་ལ་ཞུགས་ཀྱིས་གནོས་པ་ཡིམ། སྲོག་ནུས་མཉམ་པར་གཔ་པ་ཡིན། སྐུལ་སྟོང་སྤང་འབྱེས་པའི་མཚན་དང་ལྡན་པ་ཡིན། ཞལ་གྱི་རྣམས་བཞི་འརྒྱ་དང་ལྡན་པ་ཡིན། སེམས་ཀྱི་ཐགས་བཟང་ཞིང་མཉམ་པ་ཡིན།
143a3 ཆེམས་ཀྱི་མདོག་དཀར་བ་ཡིན། འགྲམ་པ་རི་དགས་ཀྱི་རྒྱལ་པོ་སེང་གེ་ལྟར་ཀང་བ་ཡིན། རོ་བྲོ་བའི་མཆོག་དང་ལྡན་པ་ཡིན། ཤའི་དོ་ཀེར་གྱི་མཚན་དང་ལྡན་པ་ཡིན། ལྗགས་རིང་ལ་ཡངས་པ་ཡིན། ཚངས་པའི་སྒྲ་དབྱངས་དང་ལྡན
143a4 ལྡན་པ་ཡིན། སྤྱན་ཀི་མདོག་མཐོན་ཏིང་ལྟར་འདུག་པ་ཡིན། སྤྱན་ཁྱུད་མཆོག་གི་རྒྱལ་པོ་ལྟར་འདུག་པ་ཡིན། སྤྱན་མཚམས་ཀྱི་མཆོད་སྤུ་དང་དཀར་པོ་དང་ལྡན་པ་ཡིན་ནོ།། དེ་བཞིན་དུ་བསམ་གྱིས་མྱི་ཁྱབ་པའི་དཔེའ་བྱད་བཟང
143a5 པོ་བརྒྱད་བཅུ་དང་ལྡན་ཏེ། དཔེའ་བྱད་བཟང་པོ་རེ་རེ་ལ་ཡང་། དཔེལ་བྱད་བཟང་པོའི་མཆོག་དམ་པ་བརྒྱ་སྟོང་སྙེད་ཡོད་དེ། དཔེའ་བྱད་བཟ་དང་པོ་དེ་དག་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའ་ཐོག་མ་བྱང་ཆུབ་དུ་སེམས
143a6 བསྐྱེད་ནས། བྱང་ཆུབ་སེཾས་ཤིན་ཏུ་བརྟན་པས་དྲིན་ཤེས་ཤིང་དྲིན་བསབ་པ་འི་ཕྱིར། སྤྱོད་པ་དམ་པ་དེ་དག་སྤྱད་དེ་དེ་བས་མ། བླ་ན་མྱེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ།། སངས་རྒྱས་ཀྱིས་བཀའ་སྩལ་པ།། དེ་བཞིན
143a7 གཤེགས་པ་ནི་སྔོན་གྱི་ཡུན་རིང་པོ་ནས་བསྐལ་པ་གྲངས་མྱེད་པ་ཚད་མྱེད་པའི་བར་དུ། ཚུལ་ཁྲིམས་ཡོངས་སུ་དག་པ་བསྲུངས་པས།། ཞབས་ཀྱི་མཐིལ་མཉམ་པར་གང་བའི་མཚན་དང་ལྡན་པར་གྱུར་ད་པ་ཡིན་ནོ།། ཕ་མ་དང་སློབ་དཔོན།
143a8 དང་། ཐ་མ་དང་། གང་ཟག་ཡོན་ཏན་དང་ལྡན་པ་མཆོད་པ་དང་བཀུར་སྟི་བྱས་པའི་རྐྱེནད་ཀྱིས། ཞབས་ཀྱི་འཐིལ་འཁོར་ལོའི་མཚན་དང་ལྡན་པར་གྱུར་པ་ཡིན་ནོ།། སེམས་ཅན་རྣམས་ལ་མྱི་འཚེ་ཞིང་འཕྲོག་པ་དང་། རྐུ་བའི་སེས།
143a9 བྱེད་ལ། ཕ་མ་དང་། སློབ་དཔོན་དང་། བླ་མ་དང་། ཡོན་ཏན་དང་ལྡན་པའི་གང་ཟག་ལ་རྒྱང་མ་ནས་བསུ་བསྐྱལ་བྱས་ཤིང་། ཁྲི་བསྟན་བཏིང་ལ། ང་རྒྱལ་སྤངས་ཏེ། རིམ་འགྲོ་དང་། བཀུར་སྟི་དང་། ཕྱག་བྱས་པས་པ་ས། དེའི




iiif viewer powered by OpenSeadragon

142b - 143b

Texts on this page

Ng26.2 - thabs mkhas pa chen po sangs rgyas drin lan bsab pa'i mdo