| e-texts navigator |
| Wylie |
142b1 རྣམ་པ་རྟོག་པཟུང་བ་དང་། བགག་པས་ཤིན་ཏུ་མམ་པས། དེ་བྱང་ཆུས་སེམས་དཔའ་སྐྱེ་བའི་ཐུན་མོང་བསམ་གྱིས་ཀྱི་ཁྱབ་པ་ཞེས་བྱའོ།། དེ་ལ་ཐུན་སོང་མ་ཡིན་པ་ནི་སེམས་ཅན་ལ་ཕན་པ་བདེ་བ་འདོན་ཏུ། དཔེར་མ་མང་།
142b2 ག་སྙོས་པ་བྱེད་ག་དེ་བའི་ད་གཤེགས་པ་ལཐོང་བའི་བྱེད་ཀྱིས་སྣོད་གི་སམ་མ་སོར་ཆུད་པ་འམ། དབུས་མྱོང་ཀྱིས་མཐོང་བར་གྱུར་བ་འམ་། སངས་མཚོ་ལོག་ཏུ་གྱུ་ད་པ་ལེགས་པར་བཅའ་བའམ། འོར་པ་ན་བ་ཐོས་པར་འགྱུ
142b3 བ་འམ།། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་ཅན་དྲུག་གསུམ་བྱང་བར་འགྱུར་བ་དེ་ལྟ་བུ་འི་སྐྱེ་བ་ཐུན་མོང་མ་ཡིན་པ་བསམ་གྱིས་ཀྱི་ཁྱབ་པ་ཞེས་བྱའོ།། གཞན་ཡང་སྐྱེ་བ་ཐུན་མོང་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་མཛད།
142b4 བ་བསམ་གྱིས་ཀྱི་ཁྱབ་པ་སྟེ། རྟག་ཏུ་བློ་གཡས་པ་ཕབ་ནས་གཟིམས་པ་དང་། སེང་གེའི་རྒྱལ་པོ་ལྟ་བུར་ཟ་འཛག་མ་ལྟར་གྱི་འཁྲུག་པ་དང་། རླུང་གི་རྒྱལ་པོ་བེ་རམ་པས་ཀྱང་ན་བཟའི་མཐའ་ཙམ་མྱི་གཡོ་བ་དང་། གཤེགས
142b5 པའི་གོམ་སྟབས་རི་དགས་ཀྱི་རྒྱལ་པོ་སེང་གེ་འམ། ངང་པའི་རྒྱལ་པོ་ལྟར་གཤེགས་པ་དང་། གཤེགས་སུ་ཆ་བ་ན་ཞབས་གཡོན་པ་སྔར་འདོར་བ་དང་། གང་ནས་གང་དུ་གཤེགས་ཀྱང་ས་གཞི་མཐོན
142b6 དམན་མཉེ་བ་དང་། བསོད་སྙོམས་ལ་དྲི་ང་བའི་སྐྱོན་མྱེད་ཅིང་ཞལ་ནས་ཕྱི་ར་མྱི་འབྲུལ་བ་ནི་སྐྱེ་བ་ཐུན་མོང་བ་བསམ་གྱིས་མྱི་ཁྱབ་པ་ཞེས་བྱའོ།། གཞན་ཡང་སྐྱེ་བ་ཐུན་མོང་བ་བསམ་གྱིས་མྱི་ཁྱབ་པ་ཞེས
142b7 བྱ་བ་ནི། འདི་ལྟ་སྟེ་ཞབས་ཀྱི་མཐིལ་མཉམ་ཞིང་གང་བ་ཡིན། ཞབས་ཀྱི་མཐིས་མ་འཁོར་ལོ་སོབས་སྟོང་དང་ལྡན་པ་ཡོད་པ་ཡིད། ཕྱག་སོར་ཐལ་རིང་བ་ཡིན།། ཞབས་ཀྱི་སྟོང་པ་ཐུབ་པ་གང་བ་ཡིན། བྷག་སོར་གི་བར
142b8 བས་འབྲེས་པ་ཡིན། ཕྱག་དང་ཞབས་འཇམ་ཞིང་མཉེན་པ་ཡིན། ཞབས་ཀྱི་རིང་བ་མི་དགས་ཀྱི་རྒྱལ་པོ་ཨེ་ན་ཡ་ལྟར་བྷུ་ཞིང་ཤུགས་ཀྱིས་གཞོལ་བ་ཡིན། ཞབས་ཀྱི་ལོང་བུ་ཕྱིར་གྱི་སྣང་བ་ཡིན། ཕྱག་བུས་མོ་སླེབས་པ་ཡིན།
142b9 རྟའི་རྒྱལ་པོ་ལྟམ་མཅན་སྦུབས་ཀྱི་ནང་དུ་མྱི་སྣང་བ་ཡིན། ཤིང་ནྱ་གྲོ་ལྟར་སྐུའི་ཡན་ལག་ཡོངས་སུ་རྫོགས་པ་ཡིན། སྐུའི་བ་སྤུ་གྱེན་དུ་ཉལ་བ་ཡིན། བ་སཱུ་རེ་རེ་རས་གཡས་སུ་འཁྱིལ་བ་ཡིན། སྐུ་མདོག་གསེར་ཙོམ་ལྟར་འདུག་པ