e-texts navigator
Collection
Volume
Page
Wylie

93a1 དོག་ངན་ཅིང་ལྟ་ན་མྱ་སྡུག་པར་འགྱུར་རོ།། ཤ་རིའི་བུ་དགེ་སློང་དག་པ་དག་གསར་བུ་དར་ལ་བབ་པ། གཞོ་ནུ་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པ་དེ་དག་ནི་འདོད་པ་རྣམས་དངོས་པོ་མྱེད་དོ་ཞེས་འདོད་པ་རྣམས་ཡང་དག
93a2 པ་ཇི་ལྟ་བ་བཞིན་ཏུ་རབ་ཏུ་ཤེས་སོ།། འདོད་པའི་རྟོགས་པ་སྐྱེས་ན་ཡང་མྱུར་བ་ཉིད་དུ་རབ་ཏུ་ཞི་བར་བྱེད་དེ། དེ་དག་མྱི་དགེ་བ་ཡིན་པར་ཤེས་པར་ཡང་བྱེད་དོ།། ཤ་རིའི་བུ་དེ་ལྟར་ན་དགེ་སློང་དག་ཀྱིས་འདོད་པ་རྣམས་ཀྱི་ཉེས་དུ་མྱི་གྲེས།
93a3 མཐོང་ནས། འདོད་པ་དེ་དག་ལས་ཡིད་འབྱུང་བར་བྱེད། འདོད་ཆགས་དང་བྲལ་བར་བྱེད་དེ།། མངོན་པར་དགའ་ནས་ཚངས་པར་སྤྱད་པ་སྤྱོད་དེ། བཞིན་དང་བྲལ་བའི་མདངས་གསལ་བར་འགྱུར་རོ།། ཤ་རིའི་བུ་འདི་ལྟ་སྟེ།
93a4 དཔེར་ན་མྱི་ཞིག་ཀི་ལུས་ལ་ནད་ཀྱིས་ཐེབས་ལ།། རྣག་སྦྱིནད་ནས་དེའི་ཡན་ལག་དང་། ཉིང་ལག་ཐམས་ཅད་ལ་རྨའི་ཁ་བརྒྱད་ཁྲི་བཞི་སྟོང་ཡོད་ལ་རྨའི་ཁ་རེ་རེ་ལ་ཡང་སྲིན་བུའི་ཚོགས་བརྒྱད་ཁྲི་བཞི་སྟོང་ཡོད་དེ།།
93a5 དེ་དག་མཆུ་རྣོ་ཞིང་མཆུ་ཁ་གཉིས་ན་ཡོད་ལ། ཁ་ཟས་ཡོངས་སུ་ཟོ། ས་པ་རྣམས་ཚིམ་པར་མྱི་འགྱུར་ཞིང་། དེ་མདག་མ་སྤུངས་པོའི། དྲུང་དུ་འདུག་ན། ཅི་ཙམ་ན་སྲོགས་དེ་དག་མྱེས་ཚིག་པར་འགྱུར་ད་པ་དང
93a6 དེ་ལ་ཕྱིར་ཞིང་ཟ་བར་བྱེད།། ཡོངས་སུ་ཟ་བར་བྱེད་པ། ཤ་རིའི་བུ་འདི་ཇི་སྙམ་དུ་སེམས། མྱི་དེ་སྲོག་ཆགས་དེ་དག་གྱིས་ཟོས་པ་ཡིན་ནམ། འོན་ཏེ་མ་ཟོས། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང
93a7 ལྡན་པ་ཤ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ནི་འདི་ཐོས་པ་ཉིད་ཀྱིས་ལུས་ཀྱི་སྤུ་ཟིང་ཞེས་བགྱིད་པར་འགྱུར་ན། མྱི་དེའི་མྱེ་མཐུན་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ།། བཅོམ
93a8 ལྡན་འདས་མྱི་དེའི་སྲོག་ཆགས་ཀྱི་རིགས་དེ་དག་ཀྱིས་འཚལ་པ་ལགས་ཀྱི། མ་འཚལ་པོ་ནི་མ་ལགས་སོ།། དེ་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་གིས་ལུས་གཡའ་བར་བགྱིད་ཀྱི། འདི་ལྟར་ཞི་བར་མྱི་བགྱིད
93a9 ལ། བདེ་བ་འཐོབ་པར་ཡང་མྱི་བགྱིད་ལགས་སོ།། ཤ་རིའི་བུ་འདི་སྙམ་དུ་སེམས། མྱི་དེའི་ལུས་རྣཀ་དང་ཁྲག་འཛག་ཅིང་། དེ་ལྟ་བུར་གྱུར་པ་དེ་སྨད་པར་བྱ་བ་མ་ཡིན་ནམ། གསོལ་པ། སྨད་པར་བགྱི་བ་ལགས། མྱི




iiif viewer powered by OpenSeadragon

92b - 93b

Texts on this page

Ng22.33 - 'phags pa chos kyi phung po zhes bya ba theg pa chen po'i mdo