| e-texts navigator |
| Wylie |
90b1 གསད་ཀྱི་བྱ།། བདག་ཉིད་ངོམ་ལ་ལེགས་ལྟ་བས།། དེ་ནི་ལེགས་པར་སྤད་པར་བྱ།། བྱིན་ཐ་ལམ་སྔོན་ལྡན་གྱུར་ང་པའི།། མྱེ་འིས་ཆང་ཆིང་གང་བསྲེགས་པ།། དེ་ལ་ཉིན་མཚན་འདས་གྱུར་པས།། ལ་ལར་ལོ།།
90b2 མ་སྐྱེ་བར་འགྱུར།། གང་གྱིས་ཚུལ་ཁྲིམས་ལྡན་པའི།། དགེ་སློང་རྙེད་ནས་སྲེག་བྱེད་པ།། དེ་ལ་བུ་དང་ཚ་བོ་དང་།། བཀོ་སྐལ་ཡོད་པར་མྱི་འགྱུར་ཏེ།། ཏ་ལའི་འགྲོ་བཞིན་གྱི་རིང་བར།། རིགས་རྒྱུད་དང་ཡང་བྲལ་བར
90b3 འགྱུར།། དེ་ཕྱིར་བདག་སྲོག་སྲུང་བྱེད་པས།། དེ་ནི་ཁྱད་དུ་གསད་མྱི་བྱ།། བདག་ཉིད་དོན་ལ་ལེགས་ལྟ་བས།། དེ་ནི་ལེགས་པར་སྤང་བར་བྱ།། རྒྱལ་རིགས་དཔེའ་བྱུང་ལྡན་པ་དང་།། བྲང་འགྲོ་མྱེ་དང་དེ་བན
90b4 བྱ།། དགེ་སློང་ཚུལ་ཁྲིམས་ལྡན་པ་དེ།། མཁས་པས་ཟིལྡ་ཀྱིས་ཀུན་ན་མྱི་བྱ།། དེ་ཕྱིར་བདག་སྲོག་སྲུང་བྱེད་པས།། དོན་བྱང་དུ་གསད་མྱི་བྱ།། བདག་ཉིད་དོན་ལ་ལེགས་ལྟ་བས།། དེ་ནི་ལེགས
90b5 པར་སྤང་བར་བྱ།། དེ་ནས་ཀོ་ས་ལར་བྲུང་བའི་རྒྱལ་པོ་གསལ། རྒྱལ་གྱིས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལམངོན་པར་སྟོད་ཅིང་།། རྗེས་སུ་ཡི་རང་བ་བྱས་ནས།། བཅོམ
90b6 ལྡན་འདས་ཀྱི་ཞབས་ལ་འགོ་བོས་ཕྱག་འཚལ་ཏེ།། བཅོམ་ལྔ་ན་འདས་ཀྱི་སྤྱན་སྔ་ནས་ཕྱིར་སོང་ངོ་།། ། གཞོ་ནུའི་དཔེའི་མདོ་ལ་རྫོགས་སྷོ།།
90b7 རྒྱ་ཀར་སྐད་དུ། ས་བྱ་མ་སྐན་དོན་ནམ་མ་དེ་ས་སུ་ཏྲ།། བོད་སྐད་དུ། འཕགས་པ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ཐེག་པོ་ཆེན་པོའི་མདོལ།། སངས་རྒྱས་དང་བྱང་ཆུབ་སེམས་དཔ
90b8 ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཆོམ་པ་དུས་ཅིགས།། བཅོམ་ལྡན་འདས་སེར་སྐྱའི་གནས་ན། ཤི་ནྱ་མོ་ཏིའི་ཀུན་དགའ་ར་བ་ན་དགེ་སློང་ལྔ་བརྒྱབབ་པའི་དགེ་སློང་གི་དགེའ་འདུན་ཆེན་པོ།
90b9 དང་ཐབས་ཅིག་ཏུ་བཞུགས་ཏེ།། དེ་ནས་ཚེ་དང་ལྡན་འཤ་རིའི་བུ་དང་། ཚེ་དང་ལྡན་པ་མེའུ་འགལ་གི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཚེ་དང་ལྡན་པ་སྨག