e-texts navigator
Collection
Volume
Page
Wylie

71b1 བདེ་གཤེགས་ཞབས་ལ་ཕྱག་བྱས་ཐལ་སྤར་འདུག།། མཉམ་མྱེད་མཛུམ་པ་མཛད་པས་ཀུན་དགའ་བོ་ཡང་རབ་དཀའ་ནས་གཟི་བརྗིད་མཐའ་ཡས་འཛུམ་པ་མཛད་འདིའི་འབྲས་བུ་ཅི་འདྲ་གསུངས།། དགའ་བྱེད་འདི་ན
71b2 བསྐལ་པ་ཉི་ཤུ་བརྩ་བརྐྱང་ན་ཡང་རྒྱལ་བར་འགྱུར།། རང་འབྱུང་ཀུན་སྣང་ཞེས་བྱ་འོག་གྱིས་སྟོང་ཆེན་བཞི་སྡང་བྱེད།། མ་འོངས་དུས་ན་བདེ་བར་གཤེགས་པ་བྱེ་བ་མཆོད་པར་འགྱུར།། འདི་ནི་ཀུན་ཏུ་འཁོར་ལོས་སྒྱུར་འགྱུ
71b3 རྒྱལ་རྣམ་བཀུར་སྟི་བྱེད།། སངས་རྒྱས་རྟོགས་པ་བརྗོད་པའི་མྱིང་ནི་དང་རྣམས་རབ་དགའ་བྱེད།། སྐྱེ་བོ་མཁས་པ་དག་ཀྱིས་དེ་ཐོས་སེམས་ཀྱང་རབ་ཏུ་དཀའ།། དེ་ལྟར་རྒྱལ་བ་བསམ་ཡས་སྟོབས་བཅུའི་ཆོས་ཀྱང་བསམ་མྱི
71b4 དཀའ་བསྐྱེད་ན་རྣམ་སྦྱིན་མཚུངས་མྱེད་བསམ་གྱིས་མྱི་ཁྱབ་འགྱུར།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དཀའ་བོ་དང་།། གྲོང་ཁྱེར་གྱིས་མཚོ་བ་དེ་དག། བྱང་ཆུབ་སེམས་དང་།
71b5 དེ་དང་། དགེ་སློང་དག་དང་། ལྷ་དང་། བྱི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།། བཅོམ་ལྡན་འང་། ས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ཏོ།། འཕགས་པ་ཀློ
71b6 ཁྱེར་གྱིས་འཚོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། ། ཚངས་པའི་དྲ་བའི་མདོ།། དཀོན་མཆོག་གསུམ་ལ་ཕྱཿ། འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།། བཅོམ
71b7 ལྡན་འདས་དགེ་སློང་ཀྱི་དགེ་འདུན་ཆེན་པོ་དགེ་སློང་ཉིས་བརྒྱ་ལྔ་བཅུ་དང་།། དགེ་སྙེན་སྟོང་དང་།། སློངས་མོ་པ་ལྔ་བརྒྱ་རྣམས་དང་ཐབས་གཅིག་ཏུ་ཡུལ་མ་ཀ་དྷའི་ལྗོངས་རྒྱུ་ཞིང་།། གཤེགས་གཤེགས་པ་ལས།
71b8 མཚན་མོ་རྒྱལ་པོའི་ཁབ་དང་།། ། སྐྱ་སྔར་ཅན་གྱི་གྲོང་གི་བར་དེ་ན། འོད་མི་ལྕུག་འཕྲན་རྒྱལ་པོའི་གནས་སུ་དགེ་སློང་ཀཽ་དགེ་འདུན་དང་ཐབས་གཅིག་ཏུ་བཞུགས་སོ།། དེའི་ཚེ་ཀུན་ཏུ་རྒྱུ་རབ་དགའ་རྣམ་གྲང
71b9 དུ་མའི་སྒོ་ནས།། སངས་རྒྱས་ལ་མྱི་སྙན་པ་བརྗོད་ལ།། ཆོས་དང་དགེ་འདུན་ལ་ཡང་མྱི་སྟེནད་པ་བརྗོད་པ་དང་། ཀུན་ཏུ་རྒྱུ་རབ་དཀའི་སློབ་མ་བྲམ་ཟེའི་བུ་ཚངས་སྦྱིན་ཞེས་བྱ་བ་ནི།། རྣམ་གྲངས་ཏུ་མོའི་སྒོན




iiif viewer powered by OpenSeadragon

71a - 72a

Texts on this page

Ng22.29 - 'phags pa grong khyer gyis 'tsho ba zhes bya ba theg pa chen po'i mdo
Ng22.30 - tshangs pa'i dra ba'i mdo