e-texts navigator
Collection
Volume
Page
Wylie

71a1 ལྟ་བུ་དག་འབྱུང་བར་གྱུ་རད་ཏོ།། འཇིག་རྟེན་གི་ཁམས་མཐའ་ཡས་མུ་མྱེད་པ་དག་སྣང་བས་ཁྱབ་པར་བྱས་ནས།། ཚངས་པའི་འཇིག་རྟེན་གྱི་བར་དུ་སོང་སྟེ། ཟླ་བ་དང་ཉི་མའི་འོད་ཀྱང་ཟིལྡ་ཀྱིས་མན་དང་།
71a2 ནས།། ཡང་སྐམ་ལོག་ཏེ།། བཅོམ་ལྡན་འདས་ལ་ལན་འབུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་ནུབ་པར་གྱུར་ཏོ།། དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་འབུམ་པསྒོ།
71a3 བ་བྱས་སྟེ།། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་མྱི་སྣང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་ཚིགས་སུ་བཅད་དེ་གསོལ་པ།། རྒྱལ་མཆོག་རྣམ་པར་འདྲེན་པ་གང
71a4 ཟག་མཆོག། རྒྱུ་མྱེད་པ་ནི་འཛུམ་པ་མྱི་མཛད་ན།། ཅིའི་ནད་ཀྱིས་ཞལ་ནི་འཛུམ་མཛད་པ།། འཇིག་རྟེན་ཕན་པ་ཟུག། ས་བརྩེས་བདག་ལ་གསུངས།། བཅོམ་ལྡན་འདས་ཀྱིས་བཀའ
71a5 སྩལ་པ།། ཀུན་དགའ་བོ་གྲོང་ཁྱེརརུ་འཚོ་བ་འདི།། བསྐལ་པ། ཉི་ཤུ་རྩ་བརྒྱད་ཀྱི་བར་དུ།། ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་མྱི་འགྱུར་ཏེ།། རྟག་ཏུ་ལྷ་དང་། མྱིའི་ཕུན་གསུམ་ཚོགས་པ་དག་ཉེས
71a6 སུ་མྱོང་ནས།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་སྣང་བ་ཞེས་བྱ་བར་གྱུར་ཏོ།། དེ་ན་ས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ
71a7 སཱལ་ཏོ།། སྟོབས་བཅུ་ལྡན་པ་མཆོད་ཕྱིར་ཟངས་ཆེན་ཕྲག་སྟོང་གསལ་རྒྱལ་གྱིས། མར་མེ་བཟང་པོ་སྦར་བས་དཔག་ཚད་བཞིར་ནི་ཀུན་ཏུ་སྣང་།། གྲོང་ཁྱེར་ཚོལ་བའི་འབྲུ་མར་སྲན་མ་གྲེའུ་སྤ་རང་པ་ཡིས།། འཛེ
71a8 གླིང་སྣང་བས་ཁྱབ་གྱུར་ད་དེ་ནི་བྱང་ཆུབ་སེམས་ཀྱི་མཐུས།། མོའུ་འགལ་གྱིས་མར་མྱེ་བསད་འདོད་རྫུ་འཕྲུལ་རྒྱ་ཆེན་བྱས།། རྣམ་པར་འཐོར་བའི་རླུང་གི་ཤུགས་བཏང་གསད་པར་འང་མ་ནུས།། ཚངས་པོའི་འཇིན
71a9 ཏི་དང་འདུག་ནས་ཆུ་རྒྱུ་ནད་ཤིང་རྟའི་སྲོག་ཤིང་ཙམ།། ཕབ་ཀྱང་བསད་པར་མ་ནུས་མར་མེ་ཉི་མའི་འོད་བཞིན་སྣང་།། དེ་ནི་ཞག་བཞི་ཁ་འཆོས་རྒྱལ་བྱེད་དཀའ་བའི་ཚལ་དུ་འོངས།། དཀའ་བའི་སེམས་ཀྱིས་བདེ།




iiif viewer powered by OpenSeadragon

70b - 71b

Texts on this page

Ng22.29 - 'phags pa grong khyer gyis 'tsho ba zhes bya ba theg pa chen po'i mdo