| e-texts navigator |
| Wylie |
70b1 མ། སྟོནད་པར་གྱུར་པ་ཏོ།། ཆོས་བསྟོནད་པར་གྱུར་པ་ཅིག་ཅེས་བྱས་སོ།། དགེ་འདུན་ཡང་སྡུད་པར་གྱུར་ད་ཅིག་ཅེས་བྱས་སོ།། འདི་ལྟར་ཡང་སེམས་བསྐྱེད་དེ། གལ་ཏེ་བདག་མ་འོངས་པའི་དུས་ན། སངས་རྒྱས་སུ་འགྱུར་བ་ཞིག
70b2 ན། མར་མེ། འདི་བདག་བྱིངས་འོངས་ཀྱི་བར་བྱ། འབང་བར་གྱུརྡ་ཅིག་ཅེས་བྱས་ནས། མར་མེ་རེ་ས་མ་ཏེ་གྲོང་ཁྱེར་དུ་སོང་ན། བར་མེ་དེའི་འོད་ཀྱིས་འཛམ་བུ་གླིང་ཐམས་ཅད་སྣང་བར་གྱུར་ཏེ།། ནམ་ནངས་ཀྱི་བར་དུ་ཡང་མར
70b3 མྱེ་དེ་མ་ཤིའོ།། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་ཆོས་གོས་ཀྱི་ཐམས་མར་མེ་བསད་པར་བྱས་ན། མ་ནུས་སོ།། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་རྣམ་པར་འཐོར་བའི། རླུང་གྲི།
70b4 བསད་པར་བྱས་ཀྱང་བསད་པར་མྱི་ནུས་སོ།། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་ཆེན་པོ་ཚངས་པོའི་འཇིག་རྟེན་དུ་འཇུག་ནས།། སྟོང་གསུམ་འདིར་ཤིང་རྟ་སྲོག་ཤི་ཙམ་གཽ་ཆར་གི་རྒྱུད་དབབ་པར་བྱིན
70b5 ཀྱིས་རླབས་ཏེ། མར་མེ་དེའི་སྟེང་དུ་བཏང་ཡང་བསད་པར་མ་ནུས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། མོའུ་འགལ་ཀི་བུ་ཟོང་ཞིག།། མཚོ་འདི་ནི་བྱང་ཆུབ་ཀྱི་སེམས
70b6 ཀྱིས་སྤང་བ་ཡིན་ལ།། བྱང་ཆུབ་ཀྱི་སེམས་ནི་ཉན་ཐོས་ཀྱིས་ཟིལ་ཀྱིས་མནན་པར་མྱི་ནུས་སོ།། དེ་ཅིའི་བྱོར་ཞེ་ན།། ཐམས་ཅད་མ་ཁྱེནད་པ་ཉིད་ཀྱི་སེམས་ནི།། ཉན་ཐོས་དང་། རང་སངས་རྒྱས་ཐོས
70b7 ཅད་ཀྱིས་ཟིལ་ཀྱིས་མན་ནད་ཏུ་མྱེད་པའི་ཕྱིར་རོ།། དེ་ནས་རེ་ཤིཀ་ན་བུད་མྱེད་དེ་ཉི་མ་ཤར་ཏེ།། གྲོང་ཁྱེར་ནས་ཕྱིར་འོངས་ནས་དེས་མར་མེ་དེ་ཤིན་ཏུ་འབར་བ་མཐོང་བ་དང་། དེ་མཆོག་ཏུ་དཀའ་བ་ཆེན་པོས་རྒྱས་པར
70b8 གྱུ་ར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། དེའི་ཚེ་འདུམ་པ་མཛད་དོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཉིད་ནི་འདི་ཡིན་ཏེ། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་འཛུམ་པ་མཛད་པ་དེའི་ཚེ།།
70b9 སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞལ་ཀི་སྒོ་ནས་འོད་ཟེར་ཁ་དོག་སྣ་ཚོགས་ཀྱིས།། ཁ་དོག་དུ་མ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་དང་། རྡུལ་གྱི་ཁ་དོ།