e-texts navigator
Collection
Volume
Page
Wylie

70a1 སུལ་ནས།། ལཱ་དེ་ཡི་རངས་ཏེ།། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས།། རྗེས་སུ་ཡི་རངས་སྟེ།། དེ་ཉིད་དུ་གྱི་སྡང་བར་གྱུར་ཏོ།། ལྷའི་མདོ་རྫོགས་སྷོ།།
70a2 རྒྱག་སྐད་ཏུ། ཨཱ་སྱ་ཀན་མས་པ་ལ་ལམ་བི་ག་ནམ་ས་ཧཱ་ཡ་ན་སུ་ཧཱ།། བོད་སྐད་དུ།། འཕགས་པ་གྲོང་བྱེད་ཁྱིམ་འཚོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོར།། སངས་རྒྱས་དང་བྱང་ཆུ
70a3 སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་ཏུས་གཅིག་ན།། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ།། མགོན་ཕྱེད་རྨ་སྦྱིན་གྱི་ཀུན་དགའ་ར་བ་ན། ལྷ་དང་། ཀླུ་དང་། གནོད
70a4 སྦྱིན་དང་། དྲི་བ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། རྨྱི་ཇི་དང་། ལྟོ་འཕྱེ་ཆེན་པོ་དང་། རྒྱ་བྱིན་དང་། ཚངས་པ་དང་། འཇིགརྟེན་སྐྱོང་བ་དང་། རྒྱལ་པོ་དང་། བློན་པོ་དང་། བྱང་ཆུབ་སེམས་དང
70a5 དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་སྙེན། མ་རྣམས་ཀྱི་བཀུར་བསྟིར་བྱས།། བླ་མར་བྱས། མཆོད་ཅིང་རྗེད་དེ། པད་མ་ཆུས་མ་གོས་པ་བཞིན་དུ་བཞུགས་སོ།། དེ་ནས་དེའི་ཚེ
70a6 རྒྱལ་པོ་གསལ་རྒྱལ་གྱིས། དེ་བཞིན་གཤེགས་པ་ལ། མཆོད་པའི་སྟོནད་ཟླ་ཐ་ཆུངས་ཟླ་བ་ཉེ་ཚེས་བཅོ་ལྔ་ལ་འབྲུ་མར་གྱིས། ཟངས་པོ་ཆེ་སྟོང་བཀང་སྟེ།། དང་ནས་མར་མེ་སྭརྡ་འོད་ཀྱིས་ཁོ་ར་ཁོར་ཡུག
70a7 ཏུ་དཔག་ཚད་བཞིར་སྣང་བས་ཁྱག་པར་བྱས་སོ།། དེ་ནས་ཡང་དེའི་ཚེ་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ནས།། དཀའ་བྱེད་མ་ཞེས་བྱ་བ་གྲོ་བ་ཁྱེར་ཀྱིས་འཚོ་བ་ཞིག་འདུག་གོ།། དེས་འབྲུ་མར་སྲན་གྲེའུ་དང་སྦྱར་བ་ཉོས
70a8 ནས། ཞག་བཞི་ཁ་འཚོ་སྟེ། ཉམས་ཆུང་བར་གྱུ་རད་ཏོ།། དེ་ནས་འབྲུ་མར་དེ་ཁྱེར་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས།། ཁྱམས་ཀྱི་ནང་ལོགས་སུ་མར་མྱེ་སྤར་ཏེ་བཞག་ནས།། འདི་ལྟར་སེམས་བསྐྱེད་དེ་བཅོམ
70a9 ལྡན་འདས་བདག་དགེའ་བའི་རྩ་བ་འདིས།། མ་འོངས་པའི་དུས་ན། ཇི་ལྟར་ད་ལྟར་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་ལྟ་བ་བཞིན་དུ། བདག་ཀྱང་མ་འོངས་པའི་དུས




iiif viewer powered by OpenSeadragon

69b - 70b

Texts on this page

Ng22.28 - lha'i mdo
Ng22.29 - 'phags pa grong khyer gyis 'tsho ba zhes bya ba theg pa chen po'i mdo