e-texts navigator
Collection
Volume
Page
Wylie

67a1 བ་ཡིན། ནོར་མང་བ་དང་། ལོངས་སྤྱོད་ཆེ་བ་ཡིན། ནོར་གྱི་ཡོ་བྱད་མ་བ་ཡིན། བདག་དབང་བའི་སློང་ཆེ་བ་ཡིན། ནོར་དང་། འབྲུ་དང་། དབྱིག་དང་། གསེར་དང་། མཛོད་དང་། བང་བའི་ཚོགས་མང་བ་ཡིན།
67a2 བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་མང་བ་ཡིན། མཛ་བོ་དང་། བློན་པོ་དང་། ཉེ་དུ་དང་། སྣག་ཀྱི་གཉེན་མཚམས་མང་བ་ཡིན་ཏེ། དགེ་སློང་དག་དད་པས་སྦྱིན་པ་བྱིན་པའི་འབྲས་བུ་རྣམ་པར་སྨིན
67a3 པ་དེ་ལྟ་བུ་འདོད་པར་བྱའོ།། དགེ་སློང་དག་གུས་པར་བྱས་ཏེ། སྦྱིན་པ་བྱིནད་པའི་འབྲས་བུ་རྣམ་པར་སྨིནད་པ་འདོད་པར་བྱ་བ་གང་ཞེ་ན། གུས་པར་བྱས་ཏེ། སྦྱིན་པ་བྱིན་པས། ཕྱུག་པོར་འགྱུར་བ་ཡིན། མཛའ་བོ་དང་།
67a4 བློན་པོ་དང་སྣག་ཀི་གཉེན་མཚམས་མང་བ་ཡིན་པའི་བར་སྭ་མ་བཞིན་ནོ།། བུ་དང་། ཆུང་མ་དག་དང་། བྲར་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛྲ་བོ་དང་། བློན་པོ་དང་། ཉེ་དུ
67a5 སྣག་གི་གཉེན་མཚམས་དག་གིས་ཀྱང་གུས་པར་བྱས་པར་འགྱུ། ར་བ་ཡིན་ཏེ།། དགེ་སློང་དག་གུས་པར་བྱས་ཏེ། སྦྱིན་པ་བྱིན་པ། པའི་འབྲས་བུ་རྣམ་པར་སྦྱིན་པ་དེ་ལྟ་བུ་འདོད་པར་བྱའོ།། དགེ་སློང
67a6 དག་རང་གི་ལག་པ་ནས་སྦྱིན་པ་བྱིནང་པོའི་འབྲས་བུ་རྣམ་པར་སྨྱིན་བ་འདོད་པར་བྱ་བ་གང་ཞེ་ན། རང་ཀི་ལག་པ་ནས་སྦྱིན་པ་བྱིན་པས་ཕྱུག་པོར་འགྱུར་བ་ནས། མཛུ་བོ་དང་། བློན་པོ་དང་། ཉེ་དུ་དང་། སྣག་།
67a7 གཉེན་མཚམས་མང་པོ་ཡིན་པའི་བར་སྔ་མ་བཞིན་ནོ།། དེའི་ཁྱིམ་གྱི་ལོངས་སྤྱོད་རྒྱ་ཆེན་པོ་དག་ལ་ཡང་སེམས་འཇུག་པ་ཡིན། ཟས་ཀྱི་ལོངས་སྤྱོད་རྒྱ་ཆེན་པོ་དག་དང་། ཐེག་པའི་ལོངས་སྤྱོད་རྒྱ་ཆེན་པོ་དག་དང་།
67a8 གོས་གི་ལོངས་སྤྱོད་རྒྱ་ཆེན་པོ་དག་དང་། མལ་ཚའི་ལོངས་མྱོད་རྒྱ་ཆེན་པོ་དག་དང་། གཟུགས་དང་། སྒྲ་དང་། ཏྲི་དང་། རོ་དང་། རེག་བྱ་རྒྱ་ཆེན་པོ་དག་ལ་ཡང་། སེམས་འཇུག་པ་ཡིན་ཏེ། དགེ་སློང་དག་རང་གྱི་ལག
67a9 པ་ནས་སྦྱིན་པ་བྱིན་པའི་འབྲས་བུ་རྣམ་པར་སྦྱིནད་པ་དེ་ལྟ་བུ་འདོད་པར་བྱའོ།། དགེ་སློང་དག་དུས་སུ་སྦྱིན་པ་བྱིནད་པའི་འབྲས་བུ་རྣམ་པར་སྦྱིན་པ་འདོད་པར་བྱ་བ་གང་ཞེ་ན། དུས་སུ་སྦྱིན་པ་བྱིནད་པས་ཕྱུག་པོར




iiif viewer powered by OpenSeadragon

66b - 67b

Texts on this page

Ng22.26 - 'phags pa skyes bu dam pa'i mdo