| e-texts navigator |
| Wylie |
66a1 ཟླ་བ་བརྒྱ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་བརྒྱད་སྟོང་ནི་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོའིཆིའི་ཚད་ངོ་།། དགེ་སློང་དག་དགེ་འདུན་ལྷག་མའི་ཆོས་ཀ་དག་མྱི་སྲུང་བ་དང་། གྱི་སྦེང་པ་དང་། ཡོངས་སུ་ཀྱི་སྐྱོང་བ་དང་།
66a2 དེ་དག་ལས་འདས་པར་བྱེད་པ་དང་། འདས་པ་དེ་དག་ཀྱི་སྟོནང་པ་དང་། རབ་ཏུ་མྱི་སྟོནད་པ་དེ་ནི་ལུས་ཞིག་ནས་ཤི་བའི་འོག་ཏུ་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོར་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་སྡུག་བསྔལ་ཤིན་ཏུ་དྲག་པ་དང་། རྩུག
66a3 པ་དང་། ཚ་བ་དང་། ཡིད་དུ་མྱི་འོང་བའི་ཚོར་བ་མྱོང་བར་འགྱུར་རོ།། དགེ་འདུན་ལྷག་མའི་ལྟུང་བ་བརྟག་པའོ།། ། དགེ་སློང་དག་འཛམ་བུ་གླིང་པའི་མྱི་རྣམས་ཀྱི་ལོ་བརྒྱ་ཕྲག་བཅུ་དྲུག་གང་ཡིན་པ་དེ་ནི་གཞན་འཕྲུལ
66a4 དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་གསུཾ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་སྟོང་ཕྲག་བཅུ་དྲུག་ནི་གཞན་འཕྲུལ་དབང་བྱེད་གི་ལྷ་རྣམས་ཀྱི་ཉིན་ཞག་ཅིག
66a5 ཀོ། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ། གཅིག་ཏུ་བརྩིས་པའི་ལོ་སྟོང་ཕྲག་བཅུ་དྲུག་ནི་གཞན་འཕྲུལ་དབང་། བྱེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་དོ།། དགེ་སློང་དག་ཕམ་པར་འགྱུར་པའི
66a6 ཆོས་བཞི་པོ་གང་དག་སྲུང་བ་དང་། སྦེད་པ་དང་། ཡོངས་སུ་སྐྱོང་བ་དང་། འདའ་བར་མྱི་བྱེད་པ་དང་། དེ་དག་ལས་འདས་པ་སྟོནད་པ་དང་། རབ་ཏུ་བསྟོནད་པ་དེ་ནི་ལུས་ཞིག་ནས་བདེ་འགྲོ་གཞན་འཕྲུལ་དབང་བྱེད
66a7 ཀྱི་ལྷ་རྣམས་སུ་སྐྱེ་བར་འགྱུར། དེ་དག་དེར་ཡང་ལྷའི་ཚེ་དང་། ལྷའི་ཁ་དོག་དང་། ལྷའི་སྟོབས་དང་། ལྷའི་བདེ་བ་དང་། ལྷའི་དབང་ཕྱུག་ལ་དབང་བྱེད་ཅིང་། ལྷོའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ལྷའི་གཡོག
66a8 འཁོར་དང་ལྡན་པར་འགྱུར་རོ།། དགེ་སློང་དག་གཞན་འཕྲུལ་དབང་བྱེད་ཀྱི་ལོ་སྟོང་ཕྲག་བཅུ་དྲུཀ་ཀ་ཡིན་པ་དེ་ནི་དམྱལ་བ་ཆེན་པོ་ཚ་བོའི་ཉིན་ཞག་གཅིག་ཀོ།། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་ཀཅིག
66a9 ཏུ་བརྩིས་པའི་ཁྲི་དྲུག་སྟོང་ནི་དམྱལ་བ་ཆེན་པོ་ཚ་བའི་ཚེའི་ཚད་དོ།། དགེ་སློང་དག་ཕམ་པར་འགྱུར་བར་ཆོས་བཞི་པོ་དག་ཀྱི་སྲུང་བ་དང་། མྱི་སྦེད་པ་དང་། ཡོངས་སུ་མྱི་སྐྱོང་བ་དང་། དེ་དག་ལས་འདའ་བར་བྱེད་པ་དང་། འདས་པ་དེ་དག་མྱི་སྟོ།