e-texts navigator
Collection
Volume
Page
Wylie

65b1 པ་སྟོནད་པ་དང་། རབ་ཏུ་སྟོན་པ་དེ་ནི་ལུས་ཞིག་ནས། བདེ་འགྲོ་དགའ་ལྡན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་ལྷའི་ཚེ་དང་། ལྷའི་སྟོབས་དང་། ལྷའི་ཁ་དོག་དང་། ལྷའི་དབང་ཕྱུག་ལ་དབང་བྱེད་ཅིང་། ལྷའི་གཟུགས
65b2 དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ལྷའི་གཡོག་འཁོར་དང་ལྡན་པར་འགྱུར་རོ།། དགེ་སློང་དག་དཀའ་ལྡན་གྱི་ལྷ་རྣམས་ཀྱི་ལོ་བཞི་སྟོང་ཀ་ཡིན་པ་དེ་ནི་དམྱལ་བ་ཆེན་པོ་ཏུ་འབོད་ཀྱི་ཉིན་ཞག་ཅིག་གོ།། ཉིན་ཞག
65b3 དེ་གསུམ་བརྒྱལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་བཞི་སྟོང་ནི། དམྱལ་བ་ཆེན་པོ་བུ་འབོད་ཀྱི་ཚེའི་ཚད་དོ།། དགེ་སློང་དག་སྦོམ་པོའི་ཆོས་གང་དག་ཀྱི་སྲུང་བ་དང་། མྱི་སྦེད་པ་དང་། ཡོངསུ་མྱི
65b4 སྦྱོསྐྱོང་བ་དང་། དེ་དག་ལས་འདལ་བར་བྱེད་པ་དང་། འདས་པ་དེ་དག་མྱི་བསྐོནད་པ་དང་། རབ་ཏུ་མྱི་སྟོནད་པ་དེ་ནི་ལུས་ཞིག་ནས་ཤི་བའི་འོག་ཏུ་དམྱལ་བ་ཆེན་པོ་ངུ་འབོད་དུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་སྡུག་བསྔལ་ཤིན་ཏུ
65b5 དྲག་པ་དང་། རྩུབ་པ་དང་། ཚ་བ་དང་། ཡིད་དུ་མྱི་འོང་བའི་ཚོར། པ་མྱོང་བར་འགྱུར་རོ།། ། སྦོམ་པོའི་ལྟུང་བ་བརྟག་པ་དེའོ།། དགེ་སློང་དག་འཛམ་བུའི་སྒྲིབ་པའི་མྱི་རྣམས་ཀྱི་ལོ་བརྒྱད་བརྒྱ་ག
65b6 ཡིན་པ་དེ་ནི་འཕྲུལ་དཀའི་ལྷ་རྣམས་ཀྱི་ཉིད་ཞག་གཅིག་གོ། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ། ཅིག་ཏུ་བརྩིས་པའི་ལོ་བརྒྱད་སྟོང་ནི་འཕྲུལ་དགའི་ལྷ་རྣམས་ཀྱི་ཆལ
65b7 དོ།། དགེ་སློང་དག་ལྤག་པའི་ཆོས་གང་དག་སྲུང་བ་དང་། སྲེད་པ་དང་། ཡོངས་སུ་སྦྱོང་བ་དང་། འདས་བར་བྱེད་པ་དང་། དེ་དག་ལས་འདས་པ་སྟོན་པ་དང་། རབ་ཏུ་སྟོནང་པ་དེ་ནི་ལུས་ཤིག་ནས། བདེ་འགྲོ་འཕྲུལ་ངས
65b8 ལྷརྣམས་སུ་སྐྱེ་བར་འགྱུར་ཏེ།། དེ་དག་དེ་ཡང་ལྔའི་ཚེ་དང་། ཀྭའི་ཁ་དོག་དང་། ལྷའི་སྐྱོབས་དང་། ལྷའི་བདེ་བ་དང་། ལྷའི་དབང་ཕྱུག་ས་དབང་བྱེད་ཅིང་། སྭཱའི་གཟུགས་དང་། སྨ་དང་། དྲི་དང་། རོ་དང་། རེག་བྱ་དང། སྐའི
65b9 ར་གཡོག་འཁོར་དང་ལྡན་པར་འགྱུར་རོ། དགེ་སློང་དག་འཕྲུལ་དགའི་ལྷ་རྣམས་ཀྱི་ལོ་བརྒྱད་སྟོང་ཀར་ཡིན་པ་དེ་ནི། དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོའི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག




iiif viewer powered by OpenSeadragon

65a - 66a

Texts on this page

Ng22.25 - ltung ba sde lnga'i dge ba dang mi dge ba'i 'bras bu brtag pa'i mdo