| e-texts navigator |
| Wylie |
65a1 དེར་ཡང་སྡུག་བསྔལ་དྲག་པ་དང་། རྩུབ་པ་དང་། ཚ་བ་དང་། ཡིད་དུ་མྱི་འོང་བའི་ཚོར་བ་མྱོང་བར་འགྱུར་རོ།། ཉེས་བྱས་ཀྱི་ལྟུང་བ་བརྟགས་པའོ།། དགེ་སློང་དག་འཛམ་བུ་གླིང་པའི་ཕྱིའི་རྣམས་ཀྱི་ལོ་ཉིས་བརྒྱ་ག་པ་ཡིན།
65a2 པ་དེ་ནི་མཚེ་མའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་ཉིས་སྟོང་ནི། ཚེ་མའི་ལྷ་རྣམས་ཀྱི་ཚེའི་ཚད་དོ།། དགེ་སློང་དག་ལྟུང་བྱེད་ཀྱི་ཆོས་གང་དག
65a3 བསྲུང་བ་དང་། སྦེད་པ་དང་། ཡོངས་སུ་སྐྱོང་བ་དང་། དཀའ་བར་མྱི་བྱེད་པ་དང་། དེ་དག་ལས་འདས་པ་སྟོནད་པ་དང་། རབ་ཏུ་བསྟོནད་པ་དེ་ནི་ལུས་ཞིག་ནས། བདེ་འགྲོ་མཚེ་མའི་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་ལྷའི
65a4 ཚེ་དང་། ལྷའི་ཁ་དོག་དང་། ལཱའི་སྟོབས་དང་། ལྷའི་བདེ་བ་དང་། ལྷའི་དྲབང་ཕྱུག་ལ་དབང་བྱེད་ཅིང་། ལྷའི་གཟུགས་དང་། སྒྲ་དང་། དྲི་དང་། དང་། རེག་བྱ་དང་། ལྷའི་གཡོག་འཁོར་དང་ལྡན་པར་འགྱུར་རོ།། དགེ་སློང
65a5 དག་མཚེ་མའི་ལྷ་རྣམས་ཀྱི་ལོ་ཉིས་སྟོང་གང་ཡིན་པ་དེ་ནི། དམྱལ་བ་ཆེན་པོ་བསྡུས་འཇོམས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ། སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པན།
65a6 ལོ་ཉིས་སྟོང་ནི་དམྱལ་བ་ཆེན་པོ་བསྡུས་འཇོམས་ཀྱི་ཚེའི་ཚད་དོ།། དགེ་སློང་དག་ལྟུང་བྱེད་ཀྱི་ཆོས་ཀང་དག་མྱི་སྲུང་བ་དང་། མྱི་སྦེད་པ་དང་། ཡོངས་སུ་མྱི་སྐྱོང་བ་དང་། དེ་ལས་འདས་པར་བྱེད་པ་དེ་དག་ཀྱི་སྟོནད་པ་དང་།
65a7 རབ་ཏུ་ཀྱི་བསྟོན་པ་དེ་ནི་སུས་ཞིག་ཤི་བའི་འོག་ཏུ་དམྱལ་བ་ཆེན་པོ་བསྡུས་འཇོམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་རྙེར་ཡང་སྡུག་བསྔལ་ཤིནད་ཏུ་དྲག་པ་དང་། རྩུབ་པ་དང་། ཚ་བ་དང་། ཡིད་དུ་མྱི་འོང་བའི་ཚོར་བ་མྱོང་བར་འགྱུར་རོ།།
65a8 སྲུང་བྱེད་ཀྱི་སྣང་བ་བརྟག་པའོ།། ། དགེ་སློང་དག་འཛམ་བུ་གླིང་པའི་མྱི་རྣམས་ཀྱི་སྒོ་བནི་བརྒྱ་གང་ཡིན་པ་དོ་ནི།། དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་གསུམ་བཅུལ་ཟླ་བ་གཅིག། ཐ
65a9 གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་བཞི་སྟོང་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་དོ།། དགེ་སློང་དག་སྦོམ་པོའི་ཆོས་གང་དག་སྲུང་བ་དང་། སྦེད་པ་དང་། ཡོངས་སུ་སྐྱོང་བ་དང་། འདའ་བར་མྱི་བྱེད་པ་དང་། དེ་དག་ལས་འདས