e-texts navigator
Collection
Volume
Page
Wylie

64b1 དགེ་སློང་དག་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལོ་ལྔ་བརྒྱ་གང་ཡིན་པ་དེ་ནི། དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པ་ལྔ་བརྒྱ་ནི་དམྱལ
64b2 བ་ཆེན་པོ་ཡང་སོས་ཀྱི་ཚེའི་ཚད་དོ།། དགེ་སློང་དག་བསླབ་པའི་ཆོས་ཀང་དག་མྱི་བསྲུང་བ་དང་། མྱི་སྦེད་པ་དང་། ཡོངས་སུ་མྱི་སྐྱོང་བ་དང་། དེ་དག་ལས་འདའ་བར་བྱེད་པ་དང་། འདས་པ་དེ་དག་མྱི་སྟོན་པ་དང་། རབ་ཏུ་མྱི་སྟོན
64b3 བ་དེ་ནི་ལུས་ཞིག་ནས། ཤི་བའི་འོག་ཏུ་དམྱལ་བ་ཆེན་པོ་ཡང་སོས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་སྡུག་བསྔལ་དྲག་པ་དང་། རྩུབ་པ་དང་། ཚ་བ་ཡིད་དུ་མྱི་འོང་བའི་ཚོར་བ་མྱོང་བར་འགྱུར་རོ།། དགེ་སློང་དག་འཇམ་དུ
64b4 གླིང་པའི་མྱི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་ནི་སུམ་བཅུ་རྩ་གསུམ་གྱི་ལྷོ་རྣམས་ཀྱི་ཉིན་ཞག་གཅིག་གོ།། ཉིད་ཞག་རེ་གསུམ་བཅུལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པོའི་ཨོ་སྟོང་ནི།
64b5 སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཚེའི་ཚད་དོ།། དགེ་སློང་དག་སོ་སོར་བཤགས་པའི་ཆོས་གང་དག་བསྲུང་བ་དང་། སྦེད་པ་དང་། ཡོངས་སུ་སྤོང་བ་དང་། དགའ་བར་མྱི་བྱེད་པ་དང་། དེ་དག་ལས་འད
64b6 བ་སྟོནད་པ་དང་། རབ་ཏུ་སྟོནད་པ་དེ་ནི། ལུས་ཞིག་ནས་བདེ་འགྲོ་སུ་མ་བཅུ་རྩ་གསུམ་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་ལྕེ་འ་ཆི་དང་། ལྷའི་ཁ་དོག་དང་། ལྷའི་སྟོབས་དང་། ལྷའི་བདེ་བ་དང་། ལྷའི་དབང
64b7 ཕྱུགས་དབང་བྱེད་ཅིང་། ལྷའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། སྐྲའི་གཡོག་འཁོར་དང་ལྡན་པར་འགྱུར་རོ།། དགེ་སློང་དག་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ལོ་སྟོང་གང་ཡིན་པ་དེ་ནི། དམྱལ་བ་ཆེན་པོ།
64b8 ཐིག་ནག་ཀྱི་ཉིན་ཞག་ཅིག་ནོ།། ཉིན་ཞག་དེ་སུམ་བཅུལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་སྟོང་ནི་དམྱལ་བ་ཆེན་པོ་ཡིག་ནག་གི་ཚེའི་ཚད་དོ།། དགེ་སློང་དག་སོ་སོར་བཤགས་པའི་ཆོས་གང་དག་ཀྱི་སུང
64b9 པ་དང་། གྱི་སྦེད་པ་དང་། ཡོངས་སུ་གྱི་སྐྱོང་བ་དང་། དེ་དག་ལས་འདའ་བར་བྱེད་པ་དང་། འདས་པ་དེ་དག་ཀྱི་སྟོནང་པ་དང་། རབ་ཏུ་ཀྱི་སྟོརང་པ་དེ་ནི་ལུས་ཞིག་ནས་ཤི་བའི་འོག་ཏུ་དམྱལ་བ་ཆེན་པོ་ཐིག་རག་ཏུ་སྐྱེ་བར་འགྱུར་ཏེ། དེ་དག




iiif viewer powered by OpenSeadragon

64a - 65a

Texts on this page

Ng22.25 - ltung ba sde lnga'i dge ba dang mi dge ba'i 'bras bu brtag pa'i mdo