e-texts navigator
Collection
Volume
Page
Wylie

64a1 ཏིང་ངེ་འཛིན་ལ་གོམས་པར་བྱས་ན། ཤེས་རབ་འཐོབ་པར་འགྱུར་རོ།། ཤེས་རབ་གོམས་པར་བྱས་ན་འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུཀ་དག་ལས་སེམས་ཡང་དག་པར་ཁོ་ནར་རྣམ་པར་གྲོལ་བར
64a2 འགྱུར་རོ།། དེ་ལྟར་ཡང་དག་པར་ཁོ་ནར་རྣམ་པར་གྲོལ་བའི་འཕགས་པ་ཉན་ཐོས་ཀྱིས་ནི་བདག་གི་ཟག་པ་ནི་ཟད་དོ།། ཚངས་པར་སྤྱོད་པ་ནི་སྟེནད་ཏོ།། བྱ་བ་ནི་བྱས་སོ།། འདི་ལས་སྲིད་པ་གཞན་མྱི་ཤེས་སོ།། ཞེས་ཡང་དག་པར
64a3 ཁོ་ན་ཤེས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལང་ནས།། དགེ་སློང་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། བསླབ་པ་གསུམ་པའི་མདོལ་རྫོགས་སྷོ།
64a4 །། རྒྱ་ཀར་སྐད་དུ། བནཿ། ཟད་ཏི་ནི། ཀྲ་ལ་གུ་ཀཱ་ཤུ་བཱ་པས་པ་རིཀྲ་སུ་རྦཾ།། ། བོད་སྐད་དུ།། གྲུབ་པསྡེ་ལྔའི་དགེ་བ་གྱི་དགེ་བའི་འབྲས་སུ་བཏག་པའི་མདོལ།། སངས་རྒྱས
64a5 དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ། འདི་སྐད་བདག་ཀྱིས་ཐོས་པ་དུས་གཅིག་མ། བཅོམ་ལྡན་འདས།། གཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ།། མགོན་མྱེད་ཟས་སྦྱིན
64a6 ཀྱི་ཀུན་དཀའ་ར་བ་ན་བཞུགས་ཏེ།། དེ་ནས་བཅོམ་ལྡན་འདས་ཀྱིས་ད་གའ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འཛམ་བུ་གླིང་པའི་མྱི་རྣམས་ཀྱི་ལོ་ལྔ་བཅུ་གང་ཡིན་པ་དེ་ནི། རྒྱལ་ཆེན་བཞིའི་རིས
64a7 ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་གསུམ་བརྩལ་ཐ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་རྩིས་པའི་ལོ་ལྔ་བརྒྱ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྔ་རྣམས་ཀྱི་ཚེའི་ཚད་དོ།། དགེ་སློང་དག་བསླབ་པའི་ཆོས་གང་དག་སྲུ
64a8 བ་དང་། སྦེད་པ་དང་། ཡོངས་སུ་སྐྱོང་བ་དང་། འདའ་བར་མྱི་བྱེད་པ་དང་། དེ་དག་ལས་འདས་པ་སྟོནད་པ་དང་། རབ་ཏུ་སྟོནད་པ་ནི། ལུས་ཞིག་ནས་བདེ་འགྲོ་རྒྱལ་ཆེན་བཞིའི་རིས་གི་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡ
64a9 ལྷའི་ཚེ་དང་། ལྷའི་ཁ་དོག་དག་དང་། ལྷའི་སྟོབས་དང་། ལྷའི་བདེ་བ་དང་། སྒྲའི་དབང་ཕྱུག་ལ་དབང་བྱེད་ཅིང་། ལྷའི་གཟུགས་དང་། སྐྲ་དང་། དྲི་དང། རོ་དང་། རེག་བྱ་དང་། ལྷའི་གཡོག་འཁོར་དང་ལྡན་པར་འགྱུར་རོ།།




iiif viewer powered by OpenSeadragon

63b - 64b

Texts on this page

Ng22.24 - bslab pa gsum gyi mdo
Ng22.25 - ltung ba sde lnga'i dge ba dang mi dge ba'i 'bras bu brtag pa'i mdo