e-texts navigator
Collection
Volume
Page
Wylie

61a1 གཉེན་སྲོག་ཀྱི་ཕྱིར་ཡབ་ཡོངས་སུ་བཏང་བར་མྱི་བྱ་བ་དང་། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཇི་སྲིད་འཚོའི་བར་བྱ། བཟོད་པ་དང་། ངེས་པ་སྲོག་གི་ཕྱིར་ཡང་ཡོངས་སུ་གཏབ་བར་མྱི་བྱ།
61a2 བ་དང་། དགེ་སློང་དག་བྱང་ཆུབ་སེམས་དཔལ་སེམས་དཔའ་ཆེན་པོས། ཇི་སྲིད་འཚོའི་བར་སུ་དཀོན་པ་ལ་གནས་པ་སྲོག་གི་ཕྱིར་ཡང་ཡོངས་སུ་གཏང་བར་མྱི་བྱ་བ་སྟེ། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
61a3 པོས། ཇི་སྲིད་འཚོའི་བར་དུ། ཆོས་བཞི་པོ་འདི་དག་སྲོག་གི་ཕྱིར་ཡ་ཡོངས་སུ་གཏང་བར་མྱི་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ད་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོནད་པས་གཞན
61a4 ཡང་འདི་སྐད་ཅེས་བཀའ་སྩལ་ད་ཏོ།། ཐམས་ཅད་མཁྱེནད་ཉིད་སེམས་ནི་མྱ་བཏང་བས།། མཁས་པས་བྱང་ཆུབ་ཕྱིར་ནི་སེམས་བསྐྱེད་ཅིག། བཟོད་དང་ངེས་པའི་སྟོབས་ལ་རབ་གནས་ཏེ། དགེའ་བའི་གཤེས་གཉེན་ཡོངས་སུ
61a5 གཏང་མྱི་བྱ།། རི་དགས་རྒྱལ་པོ་བཞིན་ཏུ་འཇིགས་སྤངས་ཏེ།། མཁས་པས་དཀོན་གནས་རྟག་ཏུ་སྟེནད་པར་གྱིས། མཁས་འདི་ཆོས་འདི་དག་ལ་རྟག་གནས་ན། བདུད་རྣམས་བཅོམ་སྟེ་བྱང་ཆུབ་འཚང
61a6 རྒྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་བཀའ་སྩལ་ནས། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས
61a7 པ་ལ་མངོན་པར་བསྟོད་དོ།། ། འཕགས་པ་ཆོས་བཞི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའ་རྫོགས་སྷོ།། །། རྒྱ་གར་སྐད་དུ། དང་མ་ཙ་དུར་ན་མ་མ་ས་ཡ་ན་སུ་ཏཱ།། བོད་སྐད་དུ། ཆོས
61a8 བཞི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་འཚལ་འགོན་མྱེད
61a9 ཟས་སྦྱིན་གྱི་ཀུན་རྐ་ར་བ་ན། དགེ་སློང་ཀྱི་དགེ་འདུན་ཆེན་པོ་དང་ཐབས་གཅིག་གོ།། དེ་ནས་བཅོམ་ལྡན་འདས་བརྟན་ཞིབ་འབལ་སྙན་ཅིང་རྒྱ་ཆེ་པོའི་སྒྲ་དབྱངས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག




iiif viewer powered by OpenSeadragon

60b - 61b

Texts on this page

Ng22.19 - chos bzhi pa'i mdo
Ng22.20 - 'phags pa chos bzhi pa zhes bya ba theg pa chen po'i mdo