| e-texts navigator |
| Wylie |
60b1 བས་སྡིག་པས་ཀྱང་འི་ལད་ཀྱིས་ནོནད་པར་མྱི་ནུས་སོ།། བྱམས་པ་བྱང་ཆུབ་སེམས་དཔལ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་སྡིག་པ་བྱས་ཤིང་བསུགས་པ་ཐམས་ཅད་ཟིལ་གིས་གནོན་པར་འགྱུར་རོ།། བྱམས་པ་བྱག།
60b2 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མདོལ་འདི་རྟག་ཏུ་ཀླག་པར་བྱའོ།། ཁ་ཏོན་དུ་བྱའོ།། བསམ་པར་བྱའོ།། བསྒོམ་པར་བྱའོ།། མང་དུ་བྱའོ།། དེས་ན་ངེས་པར་སྤྱན་པའི་འབྲས་བུ་འབྱིན་ཀྱི་ནུས་པར་འགྱུར་རོ།། @
60b3 ལྡན་འདས་ཀྱིས་དེ་སྐད་ཅེས་བཀལ་སཿལད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། བརྒྱ་བྱིན་ལ་སྩོགས་པ་ལྔའི་བུ་རྣམས་དང་། ས
60b4 ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ། འཕགས་པ་ཆོས་བྲོའི་བསྟོན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོར་རྫོགས་སྷོ།།
60b5 རྒྱ་གར་སྐད་དུ། ཨ་རྱ་ཙ་ཏུར་ད་མ་ཀ་ན་མ་མ་ད། ཕ་ན་སུ་ཏྲ།། བོད་སྐད་དུ། འཕགས་པ་ཆོས་བཞི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོལ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ
60b6 ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ལ་མགོན་མྱེད་ཟས་སྦྱིན་གྱི་ཀུན་དཀའ་ར་བ་ན། དགེ་སློང་སྟོང་ཉིས་བ
60b7 ལྔ་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དག་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ།
60b8 དགེ་སློང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཆོས་བཞི་པོ་འདི་དག་འི་སྲིད་འཚེའི་བར་བྱ་སྲོག་ཀྱི་ཕྱིར་ཡར་ཡོངས་སུ་གཏུང་འཛིས་བྱའོ།། བཞི་གང་ཞེ་ན། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་ཆེན
60b9 པོས། ཇི་སྲིད་འཚོ་བའི་བར་དུ། བྱང་ཆུབ་ཀྱི་སེམས་སྲོག་ཀྱི་ཕྱིར་ཡང་ཡོངས་སུ་མྱི་གཏང་བར་བྱ་བ་དང་། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཇི་སྲིད་མཚོའི་བར་དུ། དགེའ་བའི་བཞེས