| e-texts navigator |
| Wylie |
57b1 འདའ་ག་ཡེ་ཤེས་བྱ་བ་ནི།། ཆོས་ཐམས་ཅད་རང་བའི་མརྣམ་པརདག་པས་ན།། དངོས་པ་མྱེད་པའི་འདུ་ཤེས་རབ་ཏུ་བསྐོམ་བྱའོ།། དངོས་པོ་ཐམས་ཅད་ཀྱི་བཏག་པས་ན།། ཅིས་ཡང་གྱི་ཆགས་པའི་འདུ་ཤེས་བསྒོམ་པར
57b2 བྱའོ།། ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པས་ན།། སྙིང་རྗེ་ཆེན་པོའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ།། སེམས་རྟོགས་ན་ཡེ་ཤེས་ཡིན་པས་ན།། སངས་རྒྱས་གཞན་དུ་མྱི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ
57b3 པར་བྱའོ།། བཅོམ་ལྡན་འདས་ཀྱིས་ཚིག་སུ་བཅད་དེ་བཀའ་སྩལ་པ།། ཆོས་རྣམས་རང་བཞིན་རྣམ་དག་པས།། དངོས་པོ་མྱེད་པའི་འདུ་ཤེས་བསྒོམ།། བྱང་ཆུབ་སེམས་དང་རབ་ལྡན་པས།། སྙིང་རྗེ་ཆེན་པོ
57b4 འདུ་ཤེས་བསྒོམ།། རང་བཞིན་མྱི་དམྱིགས་འོད་གསལ་བས། དངོས་པོ་ཅི་ལ་མྱི་ཆགས་བསྒོམ།། སེམས་ནི་ཡེ་ཤེས་འབྱུང་བའི་ཆུ།། སངས་རྒྱས་གཞན་དུ་མ་ཚོལ་ཅིག། བཅོམ་ལྡན་འདས
57b5 ཀྱིས་དེ་སྐད་ཅེས་བཀའ་སྩ་ལད་པ་དང་།། བྱང་ཆུབ་སེམས་དང་། ལནམ་མཁའི་སྙིང་པོ་ལས་བསྩོགས་པའི་འཁོར་ཐམས་ཅད། རབ་ཏུ་དཀའ་ནས།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ
57b6 མངོན་པར་བསྟོད་དོ།། ། འཕགས་པ་འདའ་ཀ་ཡེ་ས་བྱ་བའི།། ཐེག་པ་ཆེན་པོའི་མདོལ་རྫོགས་སྷོ།། ། འདི་སྐད་བདག་གིས་ཟོས་བདུས་ཅིག་ན།། བཅོམ
57b7 ལྡན་འདས་མཉན་དུ་ཡོད་པ།། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་འགོན་བྱེད་ལས་སྦྱིན་ཀྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩས་པ། དགེའ་སློང་དག་ཆོས་བཞི་།
57b8 འདི་དག་ནི།། འཇིག་རྟེན་ཐམས་ཅད་ལ་སྟུག་པ། དབེན་པ། འཕངས་པ། ཡིད་དུ་འོང་བ། མངོན་པར་དགའ་བར་བྱའོ།། བཞའ་གང་ཞེ་ན།། དགེ་སློང་དག་ནད་མྱེད་པ་ནི་འཇིག་རྟེན་ཐམས་ཅད་ལ་སྡུག
57b9 དབེན་པ་འཕངས་པ། ཡིད་དུ་འོང་བ། མངོན་པར་དགའ་བར་བྱའོ།། ནང་བྱེད་པ་དེའི་མཐའ་ཡང་ནད་ཡིན་ཏེ། དགེ་སློང་དག་ནད་དེ་ནི་འཇིག་རྟེན་ཐམས་ཅདས་ཀྱི་སྡུག་པ། མྱི་དབེན་པ། མྱི་འཕངས་པ།