e-texts navigator
Collection
Volume
Page
Wylie

55b1 དག་གི་རང་བཞིན་སྐྱེ་བ་མྱེད་པ་ཡིན་ནོ།། གསོལ་པ། འོ་ན་ཡུལ་འཁྲུལ་པའི་གཞི་མ་མཆིས་ན།། ཡུལ་འཁྲུལ་པ་སྣང་ཞེས་བྱ་བ་ཇི་ལྟ་བུ་ལགས། བཀའ་སྩལ་ད་པ། ཆོས་སྒྱུ་མ་བཞིན་ཟ་སྙད་ཙམ་དུ་སྣང་ཞིང་ཡོད་དེ་སེཾས
55b2 འཁྲུལ་པས་ནི་སྣང་བར་ནི་མྱི་བཟུང་གི། ཆོས་དེ་དག་གི་རང་བཞིན་སྐྱེ་བ་མྱེད་པར་མ་ཤེས་ནས་རྟག་པ་ཟེར་ཟུག་ཏུ་བཟུང་བ་འཁྲུལ་པའི་སྣང་བ་ལ། སེམས་འཕྲུལ་པ་གཡུལ་དུ་སྣང་བར་བཟུང་ཤིག།། དེ་ཅིའི་ཕྱིར་ཞེ་ན།
55b3 ཆོས་རྣམས་ལ་ཀང་གིས་རྟག་པ་དང་ཐེར་ཟུག་དུ་བཟུང་ན་འཁོར་བར་འགྱུར་རོ།། འཁོར་བར་གྱུར་ད་མ་ཕུང་པོ་དཔའ་ཁམས་དང་། སྐྱེ་མཆེད་རྣམས་ཡོད་པར་འགྱུར་རོ།། དེ་ཡོད་ན་བདེ་བ་དང་སྡུག་བསྔལ་རྣམས་མྱོང་བར་འགྱུརོ།།
55b4 གང་གིས་ཆོས་རྣམས་ཀྱི་རང་བཞིན་སྐྱེ་བ་མྱེད་པར་ཤེས་ནས།། ཆོས་རྣམས་ཀྱི་དངོས་པོ་རྟག་པ་ཟེར་ཟུག་དང་མྱེད་པ་དང་ཆད་པའི་མཐའ་གཉིས་པོ་བསལ་ན། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ།།
55b5 དེ་ཐོབ་ན་མཚན་དང་དཔེའ་བྱད་དང་སངས་རྒྱས་ཡོངས་སུ་དག་པ། འགྱུར་རོ།། འཇམ་དཔལ་མདོར་ན་ཆོས་རྣམས་ཀྱི་རང་བཞིན་སྐྱེ་བ་མྱེད་པར་མ་ཤེས་ནས། ཆོས་རྣམས་ལ་རྟག་པ་དང་ཟེར་ཟུག
55b6 སུ་བཟུང་བས།། འཁོར་བར་གྱུ་རད་ནས། ཆོས་རྣམས་ལྡང་བ་ལ་སེམས་འཁྲུལ་བར་སྣང་ཞེས་བྱའི།། ཐོག་མ་ནས་ནམ་མ་ལལྟ་བུ་མྱེད་པ་ལས། སེམས་འཁྲུལ་པོའི་མཐུས་ཆོས་རྣམས།
55b7 སྣང་བ་ནི་མ་ཡིན་ནོ།། འཇམ་དཔལ་མཐོང་བ་དག་པ་དང་ས་དག་པ་གཉིས་ཀྱིས།། འཁོར་བ་དང་མྱ་ངན་ལས་འདས་པར་ཡང་སྣང་བ་ལ་ཡང་།། ཡུལ་ནི་སེམས་སྣང་བ་ཡིན་ཞེས་བྱའོ།། དེ་སྐད་ཅེས་བཀའ་སྩལ
55b8 པ་དང་། འཁོར་འདུས་པ་དེ་དག་ཐམས་ཅད་ཡིད་རངས་ཏེ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཆོས་ཉིད་རང་གི་ངོ་བོ་ཉིད་ལས་མྱི་གཡོལ་བར་ཐ་དད་པར་ཐམས་ཅད་ལ་སྡང་པོའི་མདོལ།།
55b9 རྫོགས་སྷོ།། ། རྒྱ་ཀར་གྱི་མཁན་པོ་ད་ན་ཤི་ལ་དང་། བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།




iiif viewer powered by OpenSeadragon

55a - 56a

Texts on this page

Ng22.10 - 'phags pa chos nyid rang gi ngo bo stong pa nyid las mi g.yo bar tha dad par thams cad la snang ba'i mdo