| e-texts navigator |
| Wylie |
55a1 བག་རིམ་པར་འབྱུང་བར་འགྱུར་རོ།། འཇམ་དཔལ་ཁྱོད་འདི་སྐད་དུ། ཆོས་ལ་བརྟག་པའི་ཐབས་ལྔ་པོ་འདི་དག་ལ་སློབ་པའི་གང་ཟག་རྣམས་དོན་ལགས་པ་དང་མ་ལགས་པར་རྩོད་པར་གྱི་འགྱུར་ལགས་སམ་ཞེས་ཟེར་བ་ནི།
55a2 མ་འོངས་པའི་དུས་ན་ང་མྱ་ངན་ལས་འདས་ནས་ལོ་བརྒྱན་རྩོད་པར་འགྱུར་ཏེ། དེའི་གང་ཟག་རྣམས་མོས་པ་དང་ཤེས་རབ་ཆེ་ཆུང་གི་དབང་གིས།། དོན་མ་ནོར་བར་རྟོགས་མ་རྟོགས་ཀྱི་བྱེ་བྲག་མྱེད་པར་བདག་ཉིད་ཀྱི་དོན་མ་ཡིན་པ་ལ
55a3 ཡིན་པར་ངེས་པར་བྱས་ཏེ།། གཞན་གི་དོན་ཡིན་པ་ཡང་མ་ཡིན་པར་བསྒྲགས་ནས་རྩོང་འགྱུར་རོ།། གཞན་དྲུང་ན་འབོད་ཅིང་ཉནད་པ་རྣམས་ཀྱིས་ཀྱང་དོན་བཞིན་དུ་ཕྱོགས་འཛིནང་པར་གྱི་བྱེད་ཀྱི། ཡུལ་གྱིས་བསྡུས་པ་དང་གཉེན
55a4 པའི་ཕྱོགས་འཛིནད་པར་འགྱུར་རོ།། དོན་མ་ནོར་པར་ཤེས་པ་རྣམས་དཀྱིས་ཀྱང་མྱི་ཞེས་པ་རྣམས་ལ་བསྟནད་པར་བྱ་བའི་ཕྱིར། མྱི་མོད་སྱ་དབབ་དང་ཤེས་གཅད་པའི་ཕྱིར་རྩོད་དེ།། ཁྱེད་ཀྱིས་དོན་གི་ངོ་བོ་ཇི
55a5 ལྟར་མཐོང་བ་སྤྲོས་ཞེས་དྲིས་ནས་དེས་སྨྲས་པ་དང་། དོན་མ་ནོར་ཡ་མདོའི་སྡེ་གཞན་ལས་བརྩམས་ནས་སྨྲ། བར་འགྱུར་རོ།། ཁྱོད་དེ། སྐད་ཟེར་ཞེས་ནོར་བ་གཞན་ལ་བསྒྲོགས་པར་འགྱུར་རོ།། བདག
55a6 ཉིད་ལས་མ་གཏོགས་པ་གཞན་གིས་མ་ཤེས་ན་ཅི་མ་རུང་སྙམ་པར་འགྱུར་རོ།། བྱང་ཆུབ་ཀྱི་ཕྱིར་མ་ཡིན་གྱི་གང་ཟག་གི་ཕྱིར་སྒྲོགས་པར་འགྱུར་རོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། འཇམ་དཔལ་གྱིས་ཡང་འདི་སྐད
55a7 ཅེས་གསོལང་ཏོ།། བཅོམ་ལྡན་འདས་ཆོས་ལ་བརྟག་པའི་ཁེབས་ལྔ་པོ་འདི་དག་ཆོས་ཀྱི་གཞིའི་གཅིག་པ་ལས་ཐ་དད་པར་འགྱུར་མ། ཆོས་ཀྱི་ཀ་ཞི་དེ་ནི་ཀ་པ་ལགས། དེ་ལ་ཇི་ལྟར་བརྟགས་ན་ནི་འཁྲུལ་པ་ལགས།། དེའི་མ་ནོར
55a8 པའི་ངོ་བོ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩ་ལད་པ།། འཇམ་དཔལ་གཞི་ནི་ཕུང་པོ་རྣམས་སོ།། འབྱུང་བ་རྣམས་སོ།། ཁམས་དང་སྐྱེ་མཆེད་རྣམས་སོ།། དེ་དག་སྒྱུ་མ་བཞིན་ཐ་སྙད་ཙམ་དུ་སྣང་བ་ལས།
55a9 རྟག་པ་དང་ཐེར་ཟུག་ཏུ་བཟུང་ན་འཕྲུལ་པ་ཡིན་ནོ།། རང་བཞིན་སྐྱེ་བ་མྱེད་པ་ལ་དངོས་པོ་ཐ་སྙད་དུ་སྣང་བ་བསལ་ནས་མྱེད་པར་བརྟགས་ན་ཡང་འཕྲུལ་པ་ཡིན་ནོ།། དེའི་ཀོཞི་མ་ནོར་བའི་རང་གི་རི་བོ་ནི།། ཆོས་དེ