e-texts navigator
Collection
Volume
Page
Wylie

53b1 ཁྱོད་འདི་སྐད་དུ། ཆོས་ལ་བརྟག་པའི་ཐབས་ལྔ་པོ་འདི་དག་ཀུན་ཡང་དག་པ་ལགས་སམ།། འོན་ཏེ་ཁ་ཅིག་ནི་ཡང་དག་པ་ལགས་ལ། ཁ་ཅིག་ནི་ཡང་དག་པ་མ་ལགས་སམ་ཞེས་ཟེར་བ་ནི། ཆོས་ལ་བརྟག་པོའི་ཐབ།
53b2 ལྔ་པོ་འདི་དག་ཐམས་ཅད་ཀྱང་ཡང་དག་པ་ཡིན་པར་ཡང་བཟུང་སྟེ།། ཁ་ཅིག་གིས་ནི་ཆོས་ཐམས་ཅད་ཇི་ལྟར་སྣང་བ་བཞིན་དུ་ཡོད་པའི་ཆོས་སྟོནད་ཏོ་སྙམ་པ་ཡང་ཡིན་ཏེ།། དེ་ཅིའི་ཕྱིར་ཞེ་ན། འབྱུང་བ་བཞི་དང
53b3 དེས་བྱས་པའི་རྣམས་ནི་ཐ་སྙད་དུ་སྒྱུ་མ་བཞིན་དུ་ཡོད་པའི་ཕྱིར་རོ།། ཁ་ཅིག་གིས་ནི་ཆོས་ཐམས་ཅད་ནི་སེམས་ཙམ་ལས་མ་གཏོགས་པ་གཞན་མྱེད་པའི་ཆོས་བསྟོན་ཏོ་སྙམ་པ་ཡང་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན།
53b4 ཆོས་སྣ་ཚོགས་སུ་འདོགས་པ་རྣམས་རྟག་ཏུ་ཐེར་ཟུག་ཏུ་བརྟགས་པའི་བག་ཆགས་སེམས་ལ་བཞག་པའི་ཐམས་ཅད་བདག་དང་ཆོས་རྣམས་སྤང་བ་ཟ་སྙད་ཙམ་དུ་སྣང་ཡང་དོན་ཏུ་རང་བཞིན་བྱེད་དེ་སེམས་ཙམ་ལས
53b5 མྱེད་པའི་ཕྱིར་རོ།། ཁ་ཅིག་གིས་ནི་སེམས་ཉིད་ཀྱང་མ་སྐྱེས་པ། ཡིན་པར་བདག་ཅག་ལ་ཆོས་སྟོན་ཏོ་སྙམ་པ་ཡིན་ཏེ།། དེ་ཅིའི། ཕྱིར་ཞེ་ན། འདི་ལ་དབྱིབས་སམ་ཁ་དོག་གམ་དུས་ཨུམ་འམ་མཿ།
53b6 དང་དབུས་མྱེད་པའི་ཕྱིར་རོ།། ཁ་དོག་གིས་ནི་ཆོས་ཐམས་ཅད་སྨྲ་མ་བཞིན་དུ་སྡང་ཞིང་སྒྱུ་མ་བཞིན་དུ་མ་གྲུབ་པའི་ཆོས་བསྟན་ཏོ།། སྙམ་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་རྒྱུ་རྐྱེན་ལས།
53b7 སྐྱེ་ཞིང་འབྱུང་བའི་ཕྱིར་རོ།། ཁ་ཅིག་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ། ངོ་བོ་ཉིད་ཀྱིས་ཀྱི་གནས་པ་ལས་དང་བྱ་བའི་མཐའ་ཐམས་ཅད་དང་བྲལ་བ།། རྟོག་པ་དང་རྟོག་པའི་ཡུལ་ལས་འདས་པ། ཐོག་ས
53b8 མྱེད་པའི་དུས་ནས། སྨོས་པ་རྣམ་པར་དག་པའི་ཆོས་སྟོན་ཏོ་སྙམ་པ་ཡ་ཡིན་ཏེ། དེ་ཅིའི་བྱོར་ཞེ་ན། ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་ཉིད་ཕྱིན་ཅི་མ་ལོག་པ་དེ་ཡིན་པའི་ཕྱིར་རོ།། འཇས་དཔལ་ཡང་ཁ་ཅིག་ཡང་དས
53b9 པ་མ་ཡིན་པར་ཡང་བཟུང་སྟེ། སྦྱངས་པ་ཆུང་བ་མོས་པ་དམན་པ།། ཤེས་རབ་གནད་པ་དག་གིས་རྟོགས་པའོ།། ཁ་ཅིག་སྦྱངས་པ་དང་མོས་པ་དཔེ་ཤེས་རབ་འབྲིང་བ་རྣམས་ཀྱིས་རྟོགས་པའོ།། ལྷག་མའི་ནི




iiif viewer powered by OpenSeadragon

53a - 54a

Texts on this page

Ng22.10 - 'phags pa chos nyid rang gi ngo bo stong pa nyid las mi g.yo bar tha dad par thams cad la snang ba'i mdo