e-texts navigator
Collection
Volume
Page
Wylie

53a1 དཔའ་འཇམ་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས། བཅོམ་ལྡན་འདས་ནི་རྣམ་གྲངས་དང་དབྱེལ་བའི་ཆོས་ལ་རྟོག་པར་མྱི་མཛད་ཀྱང་འཁོར་འདུས་པ་འདི་དག་མོས་པ་དང་རྟོག་པ་ཐ་དད་པ་འདི་ནི།
53a2 ལས་གྱུར་།། བཅོམ་ལྡན་འདས་ཆོས་ལ་བརྟག་པའི་ཆོས་ལྔ་པོ་འདི་དག་ཀུན་ཡང་དག་པ་ལགས་སམ། འོན་ཏེ་ཁ་གཅིག་ཡང་དག་པ་ལགས་ལ།། ཁ་ཅིག་ཡང་དག་པ་མ་ལགས་སམ།། བཅོམ་ལྡན་འདས་ཆོས་ལ་བརྟག
53a3 པའི་ཐབས་ལྔ་པོ་འདི་དག་གིས་རྣམ་པར་གྲོལ་བ་འཐོབ་པར་ནི་མཚུངས་ལགས་སམ།། བཅོམ་ལྡན་འདས་ཆོས་ལ་བརྟག་པའི་ཐབས་ལྔ་པོ་འདི་དག་ལ་གང་ཟག་གི་རིགས་ནི་མཆིས་ལགས་སམ།། བཅོམ་ལྡན་འདས་ཆོས
53a4 ལ་བརྟག་པའི་ཐབས་ལྔ་པོ་འདི་དག་ལ་ཐ་དད་པར་སྣང་བར་མཐུན་པའི་དཔེའ་ནི་ཇི་ལྟར་ལགས། བཅོམ་ལྡན་འདས་ཆོས་ལ་རྟོག་པའི་ཐབས་ལྔ་པོ་འདི་དག་ལྟར་སོ་སོར་རྟོག་པའི་གང་ཟག་མ་འོངས་པའི་དུས་ན་ཡ
53a5 འབྱུང་བར་འགྱུར་ལགས་སམ།། བཅོམ་ལྡན་འདས་ཆོས་ལ་བརྟག། པའ་ཐབས་ལྔ་པོ་འདི་དག་ལ་སློབ་པའི་གང་ཟག་རྣམས་དོན་ལ་གས་པ་དང་མ་ལགས་པར་བརྩོད་པར་མྱི་འགྱུར་ལགས་སམ།
53a6 བཅོམ་ལྡན་འདས་འཁོར་འདུས་པ་འདི་དག་གི་ཐེ་ཙོམ་གྱི་དྲ་བ་ཀཙ་པའི་སླད་དུ་བདག་ལ་བཤད་བྱ་གསོལ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩས་པ། འཇམ་དཔལ
53a7 ཁྱོད་འདི་སྐད་དུ།། བཅོམ་ལྡན་འདས་ནི་རྣམ་གྲངས་དང་དབྱེའ་བའི་ཆོས་ལ་རྟོག་པ་མྱི་མཛད་ཀྱང་།། འཁོར་འདུས་པ་འདི་དག་འདི་ལྟར་མོས་པ་དང་རྟོག་པ་ཐ་དད་པ་ཅི་ལས་ཀྱུར་ཞེས་ཟེར་བ་ནི། སྦྱངས་པ་དང་མ་སྦྱངས
53a8 པའི་དབང་ལས་ཤེས་པ་དང་མོས་པ་ཆེ་ཆུང་ལས་གྱུར་ད་ཏེ།། སངས་རྒྱས་རྣམས་ནི་སྦྱངས་པ་དང་བསཀླས་པ་དཔག་ཏུ་མྱེད་པས་བརྩལ་བ་མྱེད་པར་ཆོས་ཉིད་རང་གི་ངོ་བོ་ཉིད་ཇི་ལྟ་བ་ལས་མྱི་གཡོ་བོ་ཅིག་པུ་ཡིན་ཏེ།
53a9 དེ་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་ཡིན་ནོ།། ཆེར་སྦྱངས་པ་དང་། ཅུང་ཟད་སྦྱངས་པ་རྣམས་ཀྱི་ནི་ཡང་དག་པ་མ་ཡིན་པ་བརྒྱུད་པ་ལས་ཐོབ་སྟེ། དེའི་ཕྱིར་ན་མོས་པ་དང་རྟོག་པ་ཐ་དད་འགྱུར་རོ།། འཇམ་དག




iiif viewer powered by OpenSeadragon

52b - 53b

Texts on this page

Ng22.10 - 'phags pa chos nyid rang gi ngo bo stong pa nyid las mi g.yo bar tha dad par thams cad la snang ba'i mdo