| e-texts navigator |
| Wylie |
52b1 པར་སྣང་སྟེ།། བཅོམ་ལྡན་འདས་ནི་བདག་ལ་ཆོས་སྟོནད་ཏེ། གཞན་དག་ལ་ནི་མ་ཡིན་ནོ།། སྙམ་མོ།། དེ་ཡང་འཁོར་ཕལ་པོ་ཆེ་དེ་དག་ལས་ཀྱང་།། ཁ་ཅིག་གིས་ནི་ཆོས་ཐམས་ཅད་ཇི་ལྟར་སྣང་བ་བཞིན་དུ་ཡོད་པོའི་ཆོས།
52b2 སྟོན་ཏོ་སྙམ་སྟེ། དེ་ལ་ངེས་པར་འཛིནད་ཅིང་རྟོག་པར་བྱེད་དོ།། ཁ་ཅིག་གིས་ནི་ཆོས་ཐམས་ཅད་ནི་སེམས་ཙམ་ལས་མ་གཏོགས་པར་གཞན་མྱེད་པའི་ཆོས་སྟོནད་ཏོ་སྙམ་སྟེ།། དེ་ལ་ངེས་པར་འཛིནད་ཅིང་རྟོག་པར
52b3 བྱེད་དོ།། ཁ་ཅིག་གིས་ནི་སེམས་ཉིད་ཀྱིས་ཀྱང་མ་སྐྱེས་པ་ཡིན་པར་བདག་ཅག་ལ་ཆོས་སྟོནང་ཏོ་སྙམ་སྟེ།། དེ་ལ་ངེས་པར་འཛིན་ཅིང་རྟོག་པར་བྱེད་དོ།། ཁ་ཅིག་ཀྱིས་ནི་ཆོས་ཐམས་ཅད་སྒྱུ་མ་བཞིན་དུ་སྣང་ཞི
52b4 སྒྱུ་མ་བཞིན་དུ་མ་གྲུབ་པའི་ཆོས་སྟོན་ཏོ་སྙམ་སྟེ།། དེ་ལ་ངེས་པར་འཛིནད་ཅིང་རྟོག་པར་བྱེད་དོ།། ཁ་ཅིག་གིས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ།། ངོ་བོ་ཉིད་ཀྱིས་མྱི་གནས་པ།། ལས་དང་།
52b5 བྱ་བའི་མཐའ་ཐམས་ཅད་དང་བྲལ་བ་རྟོག་པ་དང་རྟོག་པའི་ཡུལ་ལས་འདས་པ། ཐོག་མ་མྱེད་པའི་དུས་ན། སྤྲོས་པ་རྣམ་པར། དག་པའི་ཆོས་སྟོནད་ཏོ་སྙམ་སྟེ།། དེ་ལ་ཉེས་པར་འཛིནད་ཅིང་རྟོག།
52b6 པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཆོས་ཉིད་རང་གི་ངོ་བོ་ལྟ་བ་ལས་མྱི་གཡོའ་བར་བཞུགས་པ་དེ་ལས་སྙིང་རྗེ་དང་ལྡན་པ་འི་སྐུར་སྣང་བར་བྱས་ནས།། འཁོར་འདུས་པ་དེ་དག་གིས་ལྟ་བ་ཐ
52b7 དད་པར་གྱུར་པའི་རྟོག་པའི་མུན་པ་སེལང་པ་ཞེས་བྱ་བའི་འོད་ཟེར་ལྗགས་ཀྱི་དབང་པོ་ལས་སྤྲོས་ཏེ། འོད་ཟེར་དེས་ཕྱོགས་བཅུ་ཐམས་ཅད་སྣང་བར་བྱས་ནས། འཁོར་དེ་ན་བྱང་ཆུབ་སེམས་དཔའ་འཇམ་དཔལ་འདུག
52b8 པ་ལ་བསྐུལ་བས། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས།། འཕོར་ཕལ་པོ་ཆེའི་རྟོག་པ་ལྔ་པོ་ཐ་དད་པར་གྱུར་པར་སེམས་ཀྱིས་ཤེས་ནས། ཅིའི་ཕྱིར་ཆོས་ཐམས་ཅད་ཀྱི་གཞིའ་ཅིག་ལ།། ལྟ་བ་དང་མོས་པ
52b9 དད་པར་འགྱུར་སྙམ་སྟེ། བདག་གིས་བཅོམ་ལྡན་འདས་ལ་ཞུ་བར་བྱའོ་སྙམ་པ་དང་། འོ་ཟེར་དེ་དག་ཀྱང་བཅོམ་ལྡན་འདས་ཀྱི་ལྗགས་ཀྱི་དབང་པོ་ལ་སླར་འདུས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེས