| e-texts navigator |
| Wylie |
52a1 ཟླ་བ་ཕྱེད་གཉིས་པ་ལ་རྐང་པ་བཞི་འགན་དེའི་དུས་ཡིན་ལ།། སོར་གྱིས་དམན་པའི་རྐང་པ་གཉིས་ནི་དུས་མ་ཡིན་ནོ།། བསྟོནད་ཟླ་ཐ་ཆུངས་ཀྱི་ཟླ་བ་ཕྱེད་དང་པོ་ལ་ནི་རྐང་པ་ལྔ་འཀན་དེའི་དུས་ཡིན་ལ།། སོར
52a2 ཀྱིས་དམན་པོའི་རྐང་པ་གསུམ་ནི་དུས་མ་ཡིན་ནོ།། ཟླ་བ་བྱེད་གཉིས་པ་ལཱ་ནི་རྐང་པ་དྲུག་འགན་དེའི་དུས་ཡིན་ལ།། སོར་གྱིས་དམན་པའི་རྐང་པ་བཞི་ནི་འགན་དེའི་དུས་མ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་རེ་སྐད་ཅེས
52a3 བཀའ་སྩལ་ནས།། དགེ་སློང་དེ་དག་ཡི་རངས་སྟེ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་འཀན་དེའི་དུས་ཀྱི་མདོའི་རྫོགས་སྷོ།། རྒྱག་པ་ཀ་དེ་དུ་།
52a4 #།། བོད་སྐད་དུ། ཆོས་ཉིད་རང་གི་ངོ་བོ་ཉིད་ལས་མྱ་གཡོའ་བར་ཐ་དད་པར་ཐམས་ཅད་ལ་སྣང་བའི་མདོལ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།
52a5 འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན།། བཅོམ་ལྡན་འང་། ས་ཡི་དགས་ཀྱི་རྒྱལ་པོ་ཆོས་ཀྱི་འང་པ་མ། ཡེ་ཤེས་ཀྱི་ཁྱད།། པར་ལས་གྲུབ་པ་རིན་པོ་ཆེ་སྣ་བདུན་གི་ཁྲི་ཆེན་པོ་བཤམས་པ་ལ།
52a6 ཆོས་ཉིད་རང་གི་ངོ་བོ་ཉིད་ཇི་ལྟ་བ་ལས་མྱི་གཡོལ་བར་བཞུགས་སོ།། དེའི་ཚེ་གནས་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མྱེད་གྲངས་མྱེད་པ་དག་ཀྱང་འདུས།། ལྷ་དང་མྱི་དང་ལྔ།
52a7 མ་ཡིན་ལས་བསྡོགས་པ་འཁོར་ཕལ་པོ་ཆེ་ཐམས་ཅད་ཀྱང་འདུས་པར་གྱུར་ཏོ།། དེ་ནས་འཁོར་འདུས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་ཡང་དང་ཡང་དུ་བསྐོར་བ་བྱེད་ཅིང་ཕྱག་འཚལ་ཏེ།། རང་རང་ཀིལ
52a8 ཕྱོགས་ཕྱོགས་སུ་འདུག་སྟེ།། མཆོད་པོའི་མཆོག་ཐམས་ཅད་ཀྱིས་མཆོད་པར་བྱེད། བསྟི་བསྟང་དུ་བྱེད། རི་མོར་བྱེད་པ་ལ་ཡིད་སྐྱོ་བར་མྱི་བྱེད་དེ།། ཆོས་མཉནད་པར་བརྩམས་ཏེ་མགོའ་བཏུད་ནས་འདུག་པར་གྱུར་ཏེ།
52a9 དེའི་ཚེ་བཅོམ་ལྡན་འདས་ནི་རྣམ་གྲངས་དང་དབྱེ་བའི་ཆོས་ལ་རྟོག་པར་མྱི་མཛད་ཀྱང་།། སྨོན་ལམ་དང་ཐུགས་རྗེའི་བྱིན་ཀྱི་བརླབས་ཀྱིས་འཁོར་རྣམས་ཀྱི་སོ་སོའི་མོས་པ་དང་བསམ་པ་ཇི་ལྟ་བ་བཞིན་དུ་གསུང་སྨོས