e-texts navigator
Collection
Volume
Page
Wylie

51a1 ལ་ཡང་དང་ཡང་དུ། ཕྱག་བྱས་ནས་སོང་ངོ་།། །། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་ཡུལ་ནས།། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་གྱི་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་མྱི་འམ་ཅི་དང་།།
51a2 དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོད་དོ།། འགན་འདིའི་མདོལ་རྫོགས་སྷོ།། ། རྒྱ་གར་གི་མཁན་པོ་དྷ་རྨ་ཤྲི་བད་ཏྲ་དང་། ལོ་ཙ་བ་དགེ་སློང་ཚུལ་ཁྲིམས་ཡོན
51a3 ཏན་གྱིས་བསྒྱུརང་། ཞུ་ཆེན་གྱི་ལོ་ཙ་བ་དགེའ་སློང་རིན་ཆེན་བཟང་པོས་བསྒྱུར་དཏེ་གཏན་ལ་ཕབ་པ།། །། རྒྱ་གར་སྐད་དུ། འཀན་དེ་ས་མ་ས་སུ་ཏྲ།། བོད་སྐད་དུ། འགན་དེའི་དུས་ཀྱི་མདོལ།
51a4 བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པོའི་དུས་ཅིག་ན།། བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ཏ་ཀའི་གནས་ན་བཞུགས་ཏེ
51a5 དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ་བཀའ་སུ།། ལད་པ།། དགེའ་སློང་དག་ལ་ལོ་རྣམས་ཀྱི་དུས་བཤད་པར་བྱ།། ཡིས།། དེ་ལེགས་པར་ཉོན་ཅིག། དགེ་སློང་དག་དཀུན་རྣམས་ཀྱི
51a6 ཟླ་བ་ཕྱེད་དང་པོ་ལ་ནི།། རྐང་པ་བདུན་འགན་དེའི་དུས་ཡིན་ལ། སོར་གྱིས་དམན་པའི་རྐང་པ་བྱེད་དང་ལྔ་ནི་དུས་མ་ཡིན་ནོ།། ཟླ་བ་ཕྱེད་གཉིས་པ་ལ་ནི་རྐང་པ་བརྒྱད་འགན་དེའི་དུས་ཡིན་ལ། སོར་གྱིས
51a7 དམན་པའི་རྐང་པ་དྲུག་ནི་དུས་མ་ཡིན་ནོ།། དཀུན་ཟླ་འབྲིང་པོའི་ཟླ་བ་ཕྱེད་དང་པོ་ལ་ནི། རྐང་པ་ཆུ་འཀན་དེའི་དུས་ཡིན་ལ།། སོར་གིས་དམན་པའི་རྐང་པ་བདུན་ནི་དུས་མ་ཡིན་ནོ།། ཟ་བ་བྱེད་གཉིས་པ་ལ་ནི་རྐང་པ་བཅུལ
51a8 བ་འགན་དེའི་དུས་ཡིན་ལ།། སོར་གྱིས་དམན་པའི་རྐང་པ་བརྒྱད་པ་ནི་དུས་མ་ཡིན་ནོ།། རྒུན་ཟླ་ཟ་ཆུངས་ཀྱི་ཟླ་བ་ཕྱེད་དང་པོ་ལ་ནི།། རྐང་པ་བཅུལ་གཅིག་འགན་འདིའི་དུས་ཡིམ་ལ།། སོར་གྱིས་དམན་པའི་རྐང་པ་དཀུ་ནི
51a9 དུམ་མ་ཡིན་ནོ།། ཟླ་བ་ཕྱེད་གཉིས་པ་ལ་ནི། རྐང་པ་བཅུ་གཉིས་འགན་དེའི་དུས་ཡིན་ལ།། སོར་ཀིས་དམན་པའི་རྐང་པ་བཅུ་མི་འགན་དེའི་དུས་མ་ཡིན་ནོ།། དཔྱིད་ཟླ་ར་བའི་བྱེད་དང་པོ་ལ་ནི།། རྐང་པ་བཅུ་གཅིག་པ་ལ




iiif viewer powered by OpenSeadragon

50b - 51b

Texts on this page

Ng22.8 - gaN DI'i mdo
Ng22.9 - gaN DI'i dus kyi mdo