| e-texts navigator |
| Wylie |
50b1 མཆོད་དེ་བཞིན་ཁྲུས།། ཟན་ཟ་ཉི་མ་ཤར་ནུབ་ཚེ།། དུས་གསུམ་ལ་ནི་ལན་གསུམ་སྟེ།། སྐུ་ཁྲུས་ཚེན་ལན་གཉིས་བསྔགས།། བློ་བུར་གནོད་དང་ཆར་མྱི་འབབ།། དེ་བཞིན་འཐབ་དང་རྩོད་པ་དེས།། ཀློག་དང་གནོད་པ་ཆེན
50b2 པོ་དང་།། གནས་རྟེན་རྣམས་ནི་སྤྱན་འདྲེན་དང་།། ནད་དང་མུ་ཀེ་ཞི་བའི་ཕྱིར།། མ་འཆོལ་རིམ་གིས་བརྡུང་བར་བྱ།། དགེ་སློང་རྣམས་དང་དགེའ་ཚུལ་གྱིས།། དུས་རྣམས་རྟག་ཏུ་བརྡུང་བ་སྟེ།། གསོ་སྦྱིན་ལ་ནི་གནས་ཚེའི།།
50b3 དགེའ་སྙེནད་ཀྱིས་ཀྱང་བདུང་བར་བྱ།། མཚན་ཉིད་ཐམས་ཅད་རྫོགས་པ་དང་།། ཀླུ་བདུན་གྱིས་ནི་བརྒྱནད་པར་བྱ།། རྒྱལ་པོ་གང་ཚེ་ཡུལ་འཁོར་བྱ།། འགན་དེ་དེ་ནི་གྲག་གྱུརྡ་པ།། དེར་ནི་དཔལ་དང་གྲགས་པ་དང་། འདོད་པ།
50b4 དང་ནི་ལོ་ལེགས་འགྱུར།། ཕ་རོལ་དཔུང་ནི་འཇིགས་མྱེད་ཅིང་།། འབྲུ་རྣམས་ཀྱང་ནི་ཉམས་མྱི་འགྱུར།། སངས་རྒྱས་བྱིན་རླབས་སྦྱོར་བའི་ས།། དེར་ནི་བདུད་རྣམས་འདུལ་བར་འགྱུར།། ཆོས་ཀྱི་རྔ་ནི་སྲིད་རྩེར
50b5 བཅས།། ཀུན་ནས་རབ་ཏུ་གཡོལ་བར་འགྱུར།། དམྱལ་དང་ཡི་དགས།། འཇིག་རྟེན་རྣམས།། འཇིག་པར་འགྱུར་བར་ཐེ་ཙོམ་མྱེད།། ཟས། ཅད་སངས་རྒྱས་རྟག་དད་ཅིང་།། ཐམས་ཅད་ཆོས་ལ་གཞོལ་བར་འགྱུ
50b6 དེར་ནི་དགེ་ལ་འདུན་འདུལ་བར་ལྡན།། མཁས་པ་རྣམས་ཀྱང་འཕེལ་བར་འགྱུར།། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། དེར་ནི་ནུབ་པར་འགྱུར་བ་ཡིན།། རྒྱལ་པོ་ཆེ་རིང་ཆོས་ལྡན་ཞིང་།། བདེལ་བ་དག་ཀྱང
50b7 ལྡན་པར་འགྱུར།། རྒྱལ་པོ་གཙུག་ལག་ཝང་ཀུན་ཏུ།། ཆོས་ཀྱི་རྔ་ནི་བརྡུངས་པའི།། སྒྲ་ནི་གང་གི་རྣ་བའི།། ལམ་དག་ཏུ་ནི་གྲག་གྱུརྡ་ཅིང་།། དུས་བཞི་དག་ཏུ་ཐོས་པ་ནི།། དེ་རྣམས་བྱང་ཆུབ་ཐོབ་པར་འགྱུར།། གང་ཞིག
50b8 སྙིང་ནས་ཡིད་རང་བ།། དེ་ནི་གྲོལ་འགྱུར་ཐེ་ཙོམ་མྱེད།། འགན་དེའི་མདོའ་འདི་ལན་ཅིག་ཐོས།། མྱི་དེ་སྐྱེ་བ་དྲན་པར་འགྱུར།། གང་དུ་མདོའི་སྡེའི་མཆོག་འདི་གནས།། ཡུལ་འཁོར་དེར་ཡར་འབྱོར་པར་འགྱུར།། དུས་ཀུན་དུ་ནི།
50b9 གནས་པ་དང་།། ཀྲོག་ཀམ་ཡང་ན་མཆོད་པར་བྱེད།། འདི་ནི་ཡིད་ལ་འཛིནད་བྱེད་པ།། སྡིག་པ་ཀུན་ལས་གྲོལ་བར་འགྱུར།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་།། རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས