e-texts navigator
Collection
Volume
Page
Wylie

50a1 ངན་ལས་བྱས་དང་། བརྡུངས་ན་སྤྱནི་གྱི་འབྱུང་བའི།། སངས་རྒྱས་སུམ་འདི་བདྲུངས་ན་ནི།། ཡུལ་འཁོར་འཕོ་བ་ངེས་པར་འབྱུང་།། གཙུག་སག་ཁང་དུ་དགེ་སློང་རྣམས།། དེ་བཞིན་ཐོ་ནི་མི་མཐུན་དང།
50a2 ཉེ་བར་འབྱུང་བ་འབྱུང་འརྒྱམ་ཞིང་།། རྣམ་པ་དུ་མ་མཆོད་པར་འགྱུར།། མུ་སྟེགས་ཅན་གི་དབང་འགྱུར་ཞིང་།། བདུད་ཀྱང་འབྱུང་བར་འགྱུར་བ་ཡིན།། གཙུག་པའི་ཀུན་དུ་མའིས།། འབྲུ་རྣམས་ཀྱང་ནི་ཉམས་པར་བྱེད།།
50a3 འདིར་ཡང་སེམས་ཅན་རྣམས།། རྣམ་པར་འཇིག་པ་ཉིད་དུ་འགྱུར།། གཙུག་ལག་འང་ཡང་འཇིག་འགྱུར་ཞིང་།། ཆོས་ཀྱང་ནུབ་པར་འགྱུར་བ་ཡིན།། བདུད་གི་ལྷ་རྣམས་དགེ་སློང་གི།། དགེ་འདུན་ཤིནང་ཏུ་མ་བསྡམས།
50a4 བྱེད།། དེ་སྔར་ཡང་དག་ཤེས་ནས་ཀྱང་།། ལེགས་པར་ཡོངས་སུ་བ། གུས་ཏེ་བྱ།། ཚད་ནི་ཆུ་རུ་སོར་ཚད་ཀྱི།། བརྒྱ་བཅུ་རྩ་བཞི་ཉིད་བྱ་ཞིང། ཞེང་དུ་སོ་དྲུག་བྱ་བ་སྟེ།། དཔངས་སུ་ཡང་ནི་གཉིས་བྱའོ།།
50a5 སོར་མོའི་ཚིགས་ཀྱི་ཚད་དག་གིས།། ཟུ་བཞིར་ཚད་ནི་གཉིས་པ་ཡིན།། ལེགས་པར་མཉམ་པ་ཉིད་དང་ཤཾ་ནང་ཏུ་གསལ།། རྩེ་གཉིས།། སྦལ་པའི་མགོའ་བཞིན་ནོ།། དེ་ནས་བརྔུང་བར་བྱེད་པ་ཡང་།། ཤི
50a6 དེ་ཉིད་ལས་འབད་དེ་བྱ།། སོར་བཅུ་གཉིས་ཀྱི་ཚད་དག་ལས།། ཟླུམ་ཞིང་རྩེ་གཉིས་ནེའུ་ལེའི་འགོལ།། ཚངས་བཟུང་ཚད་ཀྱང་དེ་བཞིན་ནོ།། ཤི་ནང་ཏུ་འཇམ་དང་བརྩིབས་མཉམ་པར།། གང་ཕྱིར་དེ
50a7 བརྡུངས་བཞག་དགོས་པས།། འོག་ཏུ་ཡང་ནི་ཁྲི་བྱ་བ།། གཙུག་ལག་ཁང་གི་སྒོ་སྟེ་པང་མ།། ཡང་ནི་དབུས་མའི་སྟེང་དུ་བྱ།། དེའི་རབ་གནས་བྱ་བ་ནི།། ཤིནང་ཏུ་བརྟནད་པ་ཆོས་ཀྱི་སྐུ།། བསྐྱེད་པ་མ་ཡིན
50a8 འཇོག་བྱེད་བྱེན།། གདོད་ནས་མ་སྐྱེས་མ་དགེའ་བ།། དེ་ལྟར་རབ་ཏུ་གནས་བྱས་ནས།། དེ་ནི་སྤྱན་ཕྱེར་གྱུར་པ་ཡིན།། འགན་དེ་སྤྱན་དབྱེ་བྱས་ནས་ཀྱང་།། དེ་འོག་གཙུག་ལག་ཁང་ཀུན་ཏུ།། ཀླུ་བདུན་གྱིས་ནི
50a9 བརྒྱད་པ་སྦྱར།། སྐྱེད་པའི་རིམ་གྱིས་བརྡུང་བར་བྱ།། དེ་འོག་དཀོན་མཆོག་གསུམ་ལ་ནི།། ཕྱག་བྱས་ནས་ནི་བརྔུ་བྱ་ཞིང་།། ད་ཅི་ཡོན་གསུམ་བརྗོད་པས་ནི།། ཆོས་ཀྱི་ཕརྣམས་བརྡུང་བར་བྱ།། མེ་ཏོག་གིས




iiif viewer powered by OpenSeadragon

49b - 50b

Texts on this page

Ng22.8 - gaN DI'i mdo