| e-texts navigator |
| Wylie |
49b1 རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཕྱག་བྱས་པ། མཆོད་པ་བསམས་པ། བསྒོམས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་སྨྲའི་གཟུགས་ཀྱིས་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོང་བར་བྱེད་པ། མུ་སྟེགས་པ་ཐམས
49b2 ཅད་རྣམ་པར་འབྱེད་པ། བསྡང་བའི་སེམས་འདུལ་བར་བྱེད་པ། སྡིག་པའི་སེམས་འཇོམས་པར་བྱེད་པ། ཞེ་སྡང་གི་སེམས་རྣམ་པར་སེལ་པར་བྱེད་པ། གཏི་མུག་གི་སེམས་རབ་ཏུ་འཇིགས་པར་བྱེད་པ། འདོད་ཆགས་ཀྱི་སེཾས
49b3 རྣམ་པར་སྤོང་བར་བྱེད་པ།། བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྐྱོད་པར་བྱེད་པ།། སངས་རྒྱས་ཀྱི་སེམས་འཕེལ་བར་བྱེད་པ། སངས་རྒྱས་འབྱུང་བ་བརྟན་པར་བྱེད་པ། འཐབ་པ་དང་། འགྱེད་པ་དང་། འཁྲུག་པ་དང་། རྩོད
49b4 པ་དང་། སྡུག་བསྔལ་བ་དང་། རྨྱི་ལམ་ངན་པ་དང་། ཀུན་ཏུ་གདུང་བ་ཐམས་ཅད་འཇིག་པར་བྱེད་པ། གློ་བུར་ནིད་དང་། འཆི་བ་ཞི་བར་བྱེད་པ། ཏུས་མ་ཡིན་པར་འཆི་བ་དང་། རིམས་ལ་སྩོགས་པ་ཞི་བར་བྱེད་པ། ཕ་རོལ་ཀྱི་དཔུང
49b5 འདུལ་བར་བྱེད་པ། བདུད་རྣམ་པར་འཇིག་པར་བྱེད་པ། དབུལ་བ་སེ། ལད་པར་བྱེད་པ། བསྐལ་པ་བཟང་པོ་ཡང་དག་པར་འཕེལ་བར། བྱེད་པ། ཚེ་དང་ནད་མྱེད་པ་སྟེ་རད་པར་བྱེད་པ། འཆི་བའི་འཇིགས
49b6 པ་ཞི་བར་བྱེད་པ། ཐ་རད་པ་དང་། དཔལ་འཕེལ་བར་བྱེད་པ། འདི་ཀ་ཀིས་ཐོས་ནས་རྗེས་སུ་ཡི་རབ་བ་ལ་ཡིད་བཞིན་གྱི་ནོར་བུ་ལྟར་འ་བྲས་བུ་རབ་ཏུ་སྟེར་བ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་འགམ
49b7 འདིའི་གཟུགས་ཀྱིས་བཞུགས་སོ་ཞེས་ཐོས་པ་དང་། གསལ་རྒྱལ་གྱི་བརྡུང་བ་ནི་ཅི་འདྲའ་ལགས། གང་གིས་གདུང་བར་བགྱིའ།། གང་གི་ཚེ་གང་གི་དུས་ནི་ཇི་སྲིད་དུ་བརྡུང་བར་བགྱི།། ཇི་ལྟར་གཞག་པར་བགྱི།། དེ་སྐད
49b8 ཅེས་གསོལྡ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། འབྱོར་ང་པར་འདོད་པས་ཤིང་རྣམས་ནི། རབ་ཏུ་འབད་དེ་བརྟག་པར་བྱ། ཙམ་ངན་བིལ་བ་པ་ལ་ཤ། ཨ་གང་ཟད་བ་ཙན་དན་དམར།། རྒྱ་སྟ་ཏལ་ཀྱི་བཤུ་ཀ
49b9 ཀིང་ག་པ་དང་། ཏ་མ་ལ། ངམ་འབྲའ་སྐར་བུ་སྥུ་རུ་ར། ཏིང་ཏི་ས་ར་ཨ་ཤོ་ཀ།། འདི་དག་ཐམས་ཅད་མྱེད་ན་ཡང་། ལོ་སི་ལས་ནི་འབད་དེ་བྱ།། རྒྱལ་པོ་འབད་པས་ཐམས་ཅད་པུ། འདི་དག་མྱེད་ན་གྱི་བྱའོ།། ཚད་མྱེད་ཤིང