| e-texts navigator |
| Wylie |
49a1 སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་མ་འོངས་པའི་དུས་སུ། རྩོད་པའི་དུས་ཀྱི་ཚེ། སེམས་ཅན་ཐམས་ཅད་སྡིག
49a2 པའི་སེམས་དང་། འཐབ་པའི་སེམས་དང་། འགྲོ་བའི་སེམས་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཀུན་ཏུ་ལྡང་པ། ཕ་རོལ་ཀྱི་ཡུལ་རྣམས་ལ་མཆོག་ཏུ་ཞེ་ནད་པ། གཅིག་ལ་གཅིག་ཟ་བ་ལ་བརྩོན་པ། བཅོམ
49a3 ལྡན་འདས་ཀྱིས་བསྔོན་གསུངས་པའི་དུས་འཇིག་པར་བྱེད་པ། དམ་པའི་ཆོས་སྤོང་བར་བྱེད་པ། སངས་རྒྱས་དང་ཆོས་དང་། འདོད་ཆགས་དང་བྲལ་བ་རྣམས་ཡུན་བྱིན་པ། དེ་རྣམས་གཞིག་པའི་ཐབས་གང་གིས་བྱང་ཆུབ་མཆོག་ཏུ
49a4 གཞོལ་བར་འགྱུར་བའི་ཐེབས་བསྟནད་པར་གསོལ་ད། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་གསལ་རྒྱལ་ཁྱོད་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེའ་བའི་ཕྱིར་དང་།
49a5 སངས་རྒྱས་དང་། ཆོས་དང་། དགེ་འདུན་ཡང་དག་པར་བསྲུང་བའི་ཕྱིར། འདི་ནི་འདྲི་བར་བྱེད་པ་ལེགས་སོ།། ལེགས་སོ།། དེའི་ཕྱིར་ལེག་ས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དཔངས་བཤད་པར་བྱའོ།།
49a6 དེ་ནས་བཅོམ་ལྡན་འདས་དེའི་ཚེ་ཀུན་ཏུ་སྒྲ་སྒྲོགས་ཞེས་བྱ་བའི་ཏིང་འཛིནད་ལ་སྙོམས་པར་ཞུགས་སོ།། བཅོམ་ལྡན་འདས་ཏིང་ངེ་འཛིན་གང་ལ་སྙོམས་པར་ཞུགས་པ་དེའི་ཚེ།། དམྱལ་བ་ཐམས
49a7 ཅད་རྒྱུན་བཅད་པ་དང་། སྡུང་བའི་སེམས་དང་ལྡན་པ་ཐམས་ཅད་ཀྱང་སྡང་བའི་སེམས་དང་བྲལ་ཞིང་། བྱང་ཆུབ་ཀྱི་སེམས་ལ་རབ་ཏུ་གཞོལ་བར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། གསལ་རྒྱལ
49a8 ཁྱོད་ཀྱིས་མཐོང་ངམ། ཐོས་སམ་ཀུན་ཏུ་ཐོས་སམ། ཤེས་སམ། རྟོགས་སམ། བཅོམ་ལྡན་འདས་མཐོང་ལགས་སོ།། བདེ་བར་གཤེགས་པ་མཐོང་ལགས་སོ།། ཐམས་ཤིང་ཀུན་བ་ཏུ་ཞུམས་ལ།། འཚལ་ཅིང
49a9 རྟོགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩ་ས་པ། གསལ་རྒྱལ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་མ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསྐྱེད་པ། ཉན་ཐོས་དང་། རང་སངས་རྒྱས་དང་། ཡང་དག་པར