e-texts navigator
Collection
Volume
Page
Wylie

47b1 ཞེང་དུ་ཡང་དཔག་ཚད་དགུ་སྟོང་། ཆུར་ཡང་དཔག་ཚད་དཀུ་སྟོང་པ། ཀུན་ནས་ཟླ་བ་ཉ་བ་ལྟ་བུ་ཞིག་ཡོད་དེ། རིགས་ཀྱི་བུ་དང་རིགས་བུ་མོ་དད་པ་ཅན་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུ་ནད་ཏུ་ཞུགས་པ་རྣམས་དང་། ལན
47b2 ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མྱི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་དབུལ་བར་བྱེད་པ་དང་། ཀ་བ་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ
47b3 པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའ་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག། སྲོག་ཤིང་མི་ཁབ་ཙམ་འཛུགས་སུ་འདུག། གདུགས་ནི་རྒྱ་ཤུག་ཀི་ལོ་མ་ཙམ་འགྱེབ
47b4 སུ་འཇུག་ཅིང་། སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་གསུངས་ཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན། ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤི་ནད་ཏུ་མང་བར་ང་སྨྲའོ།། ཀུན་དཀའ་བོ་འཛམ་བུའི་གླིང
47b5 གི་གླི་པེ་ཡང་ལྟ་ཞོག། ཤར་ཀྱི་ལུས་འཕགས་པོའི་གླི་དེ་ལྟ་ཡང་ཞོ།། ཀ། ནུབ་ཀྱི་བན་ལང་སྤྱོད་ཀི་གླིང་ལྟ་ཡང་ཞོག་གི།། ཀུན་དཀའ་བོ་བྱང་ཀི་སྒྲ་མྱི་སྙན་ཅེས་བྱ་བའི་གླིང་ཞེ་དྱ་ཡང་དཔག་ཚད་ཁྲི། ཆུར
47b6 ཡང་དཔག་ཚད་ཁྲི་པ། ཀུན་ནས་མུ་བཞི་པ་ཅིག་ཡོད་དེ། དེ་རིགས་ཀྱི་བུ་འམ་རིགས་བུ་མོ་དད་པ་ཅན་ལ་ལས་རིན་པོ་ཆེ་སྣ་བདུན་ཀྱིས་བཀང་སྟེ། རྒྱུ་ནད་ཏུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ
47b7 ནམས་དང་། ཕྱིར་མྱི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེའ་སློང་གི་དགེའ་འདུན་ལ་དབུལ་བར་བྱེད་པ་དང་། གང་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང
47b8 དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་ནི་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག། སྲོག་ཤིང་ནི་འབ་ཙམ་འཛུགས་སུ་འདུག། གདུགས་མ་རྐྱེ་ཤུག་གི་ལོ་མ་ཙམ་འགྲུབས
47b9 སུ་འདུག་ཅིང་།། སྐུ་གཟུགས་ནཱ་ལུ་ཙམ་བྱེད་དུ་འཇུག་ལ། སྐུ་གདུང་གཡུངས་ཀརའི་བྲུ་ཙམ་འདུག་པར་བྱེད་ན། ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤི་ནང་ཏུ་མང་བར་ང་སྨྲའོ།། ཀུན་དགའ་བོ་འངམ་བུའི་གླིང་གི




iiif viewer powered by OpenSeadragon

47a - 48a

Texts on this page

Ng22.7 - khang bu brtsegs pa'i mdo