e-texts navigator
Collection
Volume
Page
Wylie

47a1 དཔག་ཚད་བདུན་སྟོང་ཆུར་ཡང་དཔག་ཚད་བདུན་སྟོང་སྟེ། བྱང་གི་ཞེ་བ་ནི་ཆེ།། ལྷོའི་ནི་ཤིང་རྟའི་དབྱིབས་སོ།། དེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྒྱུན་བ་ཏུ་ཞུམ།
47a2 པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མྱི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་སམ། ཕྱོགས་བཞིའི་དགེ་སློང་གི་དགེའ་འདུན་ལ་དབུལ་བར་བྱེད་པ་དང་། ཀང་ཞིག་དེ་བཞིན་གས
47a3 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན། འཇིམ་པ་ལ་སྐྱུ་རུ་ར་ཙམ་བྱེད་དུ་འཇུག། སྲོག་ཤིང་མི་ཁབ་ཙམ་འཛུགས་སུ་འཇུག། གཟུགས་ནི་རྒྱ་ཤུག་ཀི་ལོ་མ་ཅམ
47a4 འགྱེབས་སུ་འདུག་ཅིང་། སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག་ལ།། སྐུ་གདུང་ཡུངས་ཀར་ཀི་འབྲུ་ཙམ་འཇུག་པར་བྱེད་ན། ཀུན་དཀའ་བོ་འ་དྲི་ཉིད་དེ་བས་བསོད་ནམས་ཤི་ནད་ཏུ་མང་བར་ར་སྨྲའོ།། ཀུན་དཀའ་བོ
47a5 འཇམ་བུ་གླིང་གི་གླིང་ལྟ་ཞོག་གི།། ཤར་གྱི་ལུས་འཕགས་ཞེས་བྱ། པའི་གླིང་ཞེང་ཏུ་དཔག་ཚད་བརྒྱད་སྟོང་། ཆུར་ཡང་དཔག་ཚད་བརྒྱད། སྟོང་ཡོད་པ་ཀུན་ནས་ཟླ་བ་ཕམ་པ་ལྟ་བུ་ཞིག་ཡོད་དེ། དེ་རིགས་ཀྱི་བུ
47a6 འམ་རིགས་ཀྱི་བུ་མོ་ཀང་ལ་ལས་རིན་པོ་ཆེ་སྣ་བདུན་ཀིས་བཀ་སྟེ། རྒྱུནད་ཏུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མྱི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང
47a7 སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་དབུལ་བར་བྱེད་པ་དང་། གང་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འ
47a8 པ་ལས་སཱུ་རུ་ར་ཙམ་བྱེད་དུ་འཇུག། སྲོག་ཤིང་ནི་ཁབ་ཙམ་འཛུགས་སུ་འཇུག། གདུགས་ནི་རྨྱ་ཤུཀ་ཀི་ལོ་མ་ཙམ་འགྱེབས་སུ་འཇུག་ཅིང་། སྐུ་གཟུགས་ནས་འབྲུ་ཙམ་ཁྱེད་རུ་འདུག། སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་འཇུག་པར
47a9 བྱེད་ན། ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་དདུས་ང་བར་ང་སྨྲའོ།། ཀུན་དཀའ་བོ་འངམ་བུའི་གླིང་གི་གླིང་ལྟ་ཡང་ཞོག། ཤར་ཀི་ལུས་འཕགས་ཀྱི་གླིང་ཡང་ལྟ་ཞོག། ཀུན་དཀའ་བོ་ནུབ་ཀྱི་ཁམ་ལང་སྤྱོད་གི་སློང་།




iiif viewer powered by OpenSeadragon

46b - 47b

Texts on this page

Ng22.7 - khang bu brtsegs pa'i mdo