| e-texts navigator |
| Wylie |
46b1 ལྷ་སྨོས་ཀྱང་མི་དགོས།། ཀུན་དགའ་བོ་ལྟོས་ཤིག་སྐྱེས་བུ་ཞིག་ལ་རང་གི་གཟར་བུ་དཀྲུས་པ་ཙམ་འམ། འབོར་བུ་བཀྲུས་པ་ཙམ་འམ། འབྲུ་ལྡོག་བཀྲུས་པ་ཙམ་གང་ཡིན་པ་རེ་ཡང་ཡོདས།། གལ་ཏེ་དེ་སེམས་ལ་འདི་སྟེ།
46b2 ཏུ་འདི་ན་གནས་པའི་སྲོག་ཆགས་ཐམས་ཅད་འདིས་བདེལ་བར་གྱུར་ད་ཅིག་སྙམ་དུ་སེམས་ཤིང་། སྟོར་ཁུང་པྱ་འབོ་བར་བྱེད་མ།། ཀུན་དགའ་བོ་འོན་ཀྱང་བསོད་ནམས་སྐྱེ་བའི་སྨྲར་འགྱུར་བར་ང་སྨ་ན། མྱིར་གྱུར་པ་ལྟ་སྨོས
46b3 ཀྱང་ཅི་དགོས། ཀུན་དགའ་བོ་གསུམ་པོ་འདི་དག་ནི་བར་གྱི་བསྐལ་པ་དག་ཡིན་ནོ།། གསུམ་པོ་གང་ཞེ་ན། མཚོན་གི་བར་ཀི་བསྐལ་པ་དང་། ནང་གི་བར་གི་བསྐལ་པ་དང་། མུ་གེའི་བར་གྱི་བསྐལ་པའོ།། ཀུན་དག་མོ
46b4 དེ་ལ་གང་གིས་ཉི་མ་གཅིག་གཅིག་སྲོག་གཅོད་པ་སྤོང་ཞིང་ཡང་དག་པར་བླངས་ཏེ་གནས་པར་བྱེད་ན། དེ་མཚོན་གྱི་བར་གྱི་བསྐལ་པར་མྱི་སྐྱེ་བར་འགྱུར་རོ།། གང་ཞིག་ཨ་རུ་ར་ཀཅིག་ཙམ་ཡང་དགེ་འདུན
46b5 ལ་ཕུལ་བར་བྱེད་ན། དེ་ནད་ཀྱི་ཁར་ཀྱི་བསྐལ་པར་མྱི་སྐྱེ་བར་འ། གྱུར་རོ།། གང་ཞིག་གིས་ཟས་སྣ་ལྱེ་ཀར་ཙམ་ཡང་དགེ་འདུན་ལ་ཕུལ་ན། མུ་ཀེའི་བར་གི་བསྐལ་པར་མྱི་སྐྱེ་བར་འགྱུར་རོ།། ཀུ
46b6 དགའ་བོ་དགེའ་བའི་རྩ་བ་གསུམ་པོ་འདི་དག་བསྐྱེད་པོ་ནི་འཁོར་བར་ཟད་པར་མྱི་འགྱུར་ཞིང་། ཡོངས་སུ་གཏུགས་པར་མྱི་འགྱུར་ལ། ཟད་མྱི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་འབྲུ་བར་བྱེད་པ་ཡིན་ནོ།། གསུམ་པོ།
46b7 གང་དག་ཞེ་ན། ཀུན་དགའ་བོ་སངས་རྒྱས་ལ་དགེལ་བའི་རྩ་བསྐྱེད་པ་ནི།། འཁོར་བ་ཟད་པར་མྱི་འགྱུར་ཞིང་། ཡོངས་སུ་གཏུགས་པར་མྱི་འགྱུར་བ་ཟད་ཀྱི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་ནོ།། དགེ་བའི
46b8 ཆོས་བསྐྱེད་པ་དང་། དགེ་འདུན་ལ་བསྐྱེད་པ་ནི་འཁོར་བར་ཟད་པར་མྱི་འགྱུར་ཞིང་། ཡོངས་སུ་གཏུགས་པར་མྱི་འགྱུར་ལ། ཟད་མྱི་ཤེས་པའི་མྱ་ངན་ལས་པ་ཐོབ་པར་བྱེད་པ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན
46b9 གཤེགས་པའི་ཡོན་ཏན་བསྟན་པོའི་ཕྱིར། ཀུན་དགའ་བོ་ལ་བཀའ་སུ་ལད་པ། ཀུན་དགའ་བོ་ཁྱོད་ཀྱིས་འཛམ་བུའི་གླིང་མཐོང་ངམ། ཀྱེ་བཙུན་པ་མཐོང་ལགས་སོ།། ཀུན་དགའ་བོ་འཛམ་བུའི་གླིང་གི་གླིང་ནི་ཞེང་དྱ་ནི