| e-texts navigator |
| Wylie |
46a1 དཔབས་དཀྱིལ་འཁོར་ཤིང་རྟའི་དབྱིབས་འདྲ་བ་བྱེད་ན། དེ་འཛམ་བུའི་གླིང་གི་དབང་ཕྱུག་ཀི་བདག་པོར་འགྱུར་ཞིང་།། ལུས་ཞིག་ནས་འཕྲུལ་དཀའི་ལྷ་རྣམས་སུ་སྐྱེ་བར་འགྱུར་བར་པ་སྨྲའོ།། ཀུན་དཀའ་བོ་གང
46a2 ལ་ལ་ཞིག་གིས་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང་། ཆོས་དང་དགེའ་འདུན་ལ་སྐྱབས་སུ་འགྲོ་ཞིང་བསླབ་པའི་གཞི་རྣམས་ཀྱང་མནོས། ཡོངས་སུ་བསྲུང་བར་བྱེད་ན། ཀུན་དཀའ་བོ་དགེའ་བའི་རྩ་བ་དེའི་བསོད་ནས
46a3 ནི་དཔག་ཏུ་མྱེད་ཅིང་གྲངས་མྱེད་པར་ང་སྨྲས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པའི་མཐར་ཐུག་པའི་བར་དུ་མཐའ་བཟུང་བར་མྱི་ནུས་པར་པ་སྨྲའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ།
46a4 དང་ལྡན་པ་ཀུན་དཀའ་བོའི་སེམས་ཐུགས་སུ་ཆུད་ནས་ལྗགས་པད་མ་དམར་པོའི་འདབ་མ་དྲི་མ་མྱེད་ཅིང་ལོ་མ་འཇམ་པ་དང་། མཚལ་དམར་པོ་དང་། ཤིང་མྱ་ངན་འཚང་གི་ལོ་མ་དང་། ཟངས་ཀྱི་གླེགས་མ་སྲབ་མོ་འདྲ་བ
46a5 ཆུ་ཞེང་ཀབ་པས་ཞལ་གི་དཀྱིལ་འཁོར་དབུ་སྒོའི་འཚམས་ལ་ཐུག། པར་ཐམས་ཅད་དུ་བརྐྱང་ནས།། ཀུན་དཀའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་བརྫུན་དུ་སྨྲ་བ་དང་། འཕྲ་མ་སྨ
46a6 བ་དང་། ཚིག་རྩུབ་པོ་སྨྲ་བ་རྣམས་དང་། ཚིག་འཁྱལ་བ་སྨྲ་བ་རྣམས་ལ་ལྕེ་འདི་ལྟ་བུ་མཐོང་ངམ། བཙུན་པ་མཐོང་ལགས་སོ།། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར
46a7 རྫོགས་པའི་སངས་རྒྱས་རྣམས་ནི་བདེན་པ་གསུང་བ་ཡིན་ནོ།། ཀུན་དགའ་བོ་གཔལ་ལ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལོ།།
46a8 ཕྱག་འཚལ་ལོ་ཞེས་ཕྱག་འཚལ་བར་བྱེད་ན། སེམས་ཅན་དེ་དག་ངས་ཡོངས་སུ་བཟུང་ཞིང་། ཡོངས་སུ་མྱ་ངམ་ལས་བཟླས་པ་ཡིན་ནོ།། སེམས་ཅན་དེ་རྣམས་ལ་ནི་དཟུགས་ཝལ་ཆུང་བ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན།
46a9 ཀུན་དགའ་བོ་འདི་ལྟར་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་ན་ཤི་ནད་ཏུ་རབ་ཏུ་གནས་པ་ཡིན་ནོ།། ཤིནད་ཏུ་གནས་པའི་ཕྱིར་ཐལ་མོ་སྦྱར་པ་ཡང་ཆུད་ཟ་བར་མྱི་འགྱུར་ན། སྦྱིན་པ་ལ་སྩོགས་པ་བྱེད་པ