e-texts navigator
Collection
Volume
Page
Wylie

44b1 བགྱིང་པའི་གང་ཟག་སྦྱིན་པ་པོ་ལ། ཕན་ཡོམ་ཇིམམ་ཞིན་མཆིས་པར་རིག་པར་འཀྱིལ།། དགེའ་སློང་དག་བྱེད་སྐྱེ་བོ་མ་བཔས་པོ་ལ་བན་པ་དང་། སྐྱེ་བོ་སེང་པོ་ལ་འདེལ་བ་དང་། སྙིང་བརྩེ་བ་དང་། སཱ་དང་ཀྱིན།
44b2 ལ་ཕན་པ་དང་། བདེ་བའི་ཕྱིར་ཞུས་ཏེ། ཁྱེད་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་འདི་དག་ཉིད་ཞུ་བར་སེམས་པ་ལེགས་སོ།། དགེའ་སློང་དག་དེ་ཀྱི་ལེགས
44b3 པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བསྟནད་པར་བྱའོ།། དགེ་སློང་དག་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོ་ལ། ཕན་ཡོན་འདི་ལྔ་ཡོད་དེ།། ལྔ་གང་ཞེ་ན། གཞལ།
44b4 མྱེད་འང་ཆེན་པོར་གནས་པ་དང་། བོང་སྟེད་བཟང་པོར་གྲགས་པ་དྲང་། སྤྲོབ་མ་བ་དང་། ཚེ་རིང་བ་དང་། གྲགས་པ་དང་ལྡན་པ་དང་། བདེ་བ་མང་བ་དང་། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི
44b5 གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་དང་། པོ་ཡིན་ནོ།། གཞན་ཡང་བྱུག་པ་དང་། ནོར་མང་བ་དང་། ལོངས་སྤྱོད་ཆེ་དང་། ནོར་རྫས་དང་ཡོ་བྱད་མང་པ་དང་། བདག
44b6 དབང་བ་དང་། བདག་གིར་བྱ་བ་མང་བ་དང་། ནོར་དང་འབྲུ་དང་། དབྱིག་དང་། གསེར་དང་མཛོད་དང་བང་བའི་ཚོགས་མར་བ་དང་། རྟ་དང་གླང་པོ་ཆེ་དང་། བ་ལ་པ་དང་ལུག་དང་། བྲན་དང་། བྲན་མོ་དང་།
44b7 ལས་བྱེད་པ་དང་། ཞོ་ཤས་འཚོ་བ་མང་བ་དང་། བློན་པོ་དང་མཛའ་བཤེས་མངབ་དང་། གཉེན་དང་། སྣག་གི་གཉེན་འཚམས་མང་པོར་འགྱུར་ཏེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན
44b8 བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་གཉིས་པ་འོ་ཡིན་ནོ།། དགེ་སློང་དག་གཞན་ཡང་གཟུགས་བཟང་བ་དང་། བསྐལ་ན་སུག་པ་དང་། མཛེས་པ་དང་། མདོག་གསེམ་སྐར་བཟ་པ་དང་། འགོ་གཏུས?།
44b9 ལྷར་ཐུས་པ་དང་། ལོག་པ་རིང་བ་དང་། བྲལ་བ་དབྱེས་ཆེ་བ་དང་། སྤྲིན་པ་འཚམས་པར་མ་ཆད་པ་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་དང་། རྒྱན་ཐམས་ཅད་ཀྱིས་བརྒྱ་ན་པར་འགྱུར་ཏེ།




iiif viewer powered by OpenSeadragon

44a - 45a

Texts on this page

Ng22.6 - 'phags pa de bzhin gshegs pa'i gzugs brnyan bzhag pa'i phan yon yang dag par brjod pa zhes bya ba'i chos kyi rnam grangs