e-texts navigator
Collection
Volume
Page
Wylie

43a1 ལྡན་འདས་འཇིག་རྟེན་ཏུ་བྱུང་སྟེ། རྒྱལ་པོ་གཉེན་ལྡན་གྱི་ཁབ་ན་བཞུགས་ཏེ། དུས་དེའི་ཚེ་ཞལ་ཞལ་མཁན་གྱི་རིགས་ལས་ཕྱུག་པ་ཀཀ་གེ་མོ་ཞེས་བྱ་བ་ཞིག་གིས་རྣམ་པར་གཟིགས་ཀྱི་སླད་དུ་གཙུག་ལག
43a2 ཁང་བརྩིགས་ཏེ། མེ་ཏོག་དང་འབྲས་བུའི་ཤིང་ལགས་པར་བཙུགས་ཏེ། ཀུནད་ཏུ་དྲི་བསུང་གི་དད་ལྡང་བ་འབྱུང་བར་འགྱུར་ཏེ་ཕུལ། བསྟོན་པ་དེ་ཉིད་ཀྱི་བསྟནད་པ་ལ་ཡང་རབ་ཏུ་འབྱུང་ཡང་དག་རྫོགས་པའི་སངས་རྒྱས
43a3 རྣམ་པར་གཟིགས་མྱ་ངན་ལས་འདས་ནས་སྐུ་གདུང་ཀི་མཆོད་རྟེན་གི་རྨང་གི་འོག་ཏུ་རིན་པོ་ཆེའི་རྡོ་རེང་ཅིག་བསྒྲེང་ངོ་།། ཞལ་ཞལ་མཁན་གྱི་རིགས་ལས་རབ་ཏུ་བྱུང་བ་དེའི་འཁོར་མང་པོ་ཡང་རྗེས་སུ་ཡི་རང་ཞིང་མོས
43a4 པར་འགྱུར་ཏེ།། ཁྱེད་བསྟོནད་པ་ལ་མོས་པར་གྱུར་པ་དེ་བཞིན་དུ་བདགྲ་ཅག་ཀྱང་དད་ཅིང་མོས་པར་བགྱིད་དེ། བསྟོནད་པའི་བཀའ་བཞིན་དུ་བགྱིད་ཅིང་མཉེས་པར་བགྱིད་ལ་མྱི་མཉེས་པར་མྱི་བགྱིད་ལ།། མྱི་མཉེས
43a5 པར་བགྱིད་པར་མ་གྱུར་ད་ཅིག་ཅེས་སྨོན་ལམ་བཏབ་བོ།། དགེའ། སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཞལ་ཞལ་མཁན་གང་ཡིན་པ་དེ་ནི་ཚེ་དང་ལྡན་པ་རབ་མཐོང་ཆེན་པོ་ཉིད་ཡིན་ལ
43a6 སྐྱེ་དགུའི་ལུས་ཅན་དེ་དག་ནི་ད་ལྟར་མི་ལྷ་དང་མྱི་འདི་དག་ཡིན་ཏེ། ད་ལྟར་ཡང་འདུལ་བར་བྱེད་པ་ཡིན་ནོ།། གཞན་ཡང་བཅོམ་ལྔ། ན་འདས་འོད་སྲུང་གི་བསྟནད་པ་ལ་རབ་ཏུ་བྱུ་བ། དེའི་མཞན་པོ་ནི་ལཱ་དང
43a7 མྱིས་མཆོད་པའི་མཆོག་ཏུ་གྱུར་པ་ཡིན་ཏེ། ཇི་ལྟར་བདག་གི་མཁན་པོ་ལྷ་དང་མྱིས་མཆོད་པའི་མཆོག་ཏུ་གྱུར་པ་དེ་བཞིན་དུ་བདག་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཀ་ཀྱ་ཐུབ་པའི་བསྟནད་པ་ལ། ལྷ་དང་མྱིག
43a8 མཆོད་པའི་མཆོག་ཏུ་གྱུརྡ་ཅིག་ཅེས་སྨོན་ལམ་བཏབ་བོ།། དེས་ན་ད་ལྟར་ལྷ་དང་མྱིས་མཆོད་པའི་མཆོག་ཏུ་གྱུར་པ་ཡིན་ནོ།། དེ་དེ་ལྟར་བས་ན་དགེ་སློང་དག་གཅིག་ཏུ་ནག་པའི་ལས་ནི་རྣམ་པར་སྦྱིན་པ་ཡང་ཅིག
43a9 ཏུ་གནག་གོ།། རབ་ཏུ་དཀར་བ་ལས་ནི་དཀར་བའོ།། འདྲེས་པ་ལས་ནི་འདྲེས་པའོ།། དེ་བས་ན་དགེའ་སློང་དག་རབ་ཏུ་གནག་པ་དང་འདྲེན་མ་དག་ནི་སྤོངས་ཤིག། རབ་ཏུ་དཀར་བ་དག་ལ་སྤྱད་པར་བྱ་སྟེ། དགེ་སློང་དག་དེ།




iiif viewer powered by OpenSeadragon

42b - 43b

Texts on this page

Ng22.5 - mun gyi nags tshal gyi sgo zhes bya ba'i mdo