| e-texts navigator |
| Wylie |
41b1 བ་དང་། བུམ་པའི་བ་པ་རིམ་ཞེས་བྱ་བ་དང་། ཉེ་བའི་ཀླུ་ཞེས་བྱ་བ་དང་། ཨོ་ཏ་སུ་ཏ་ཞེས་བྱ་བ་དང་། གནས་རྟེན་ཆེན་པོའི་རྐང་པ་ལ་ཕྱག་འཚལ་ཏེ། ཐལ་མོ་སྦྱར་བ་བྱས་ནས། རབ་ཏུ་གུས་པས་འདི་སྐད་ཅེས་སྨྲས་སོ།།
41b2 ཐུགས་བརྩེལ་བ་ནགས་དེ་ནི་གཤེགས་ཤིང་བཞུགས་པའི་གནས་ཡིན་ཏེ། བདག་ཅག་ཀྱང་ཉེ་གནས་བགྱིད་ལ་གཞན་དག་ཀྱང་གཟུང་དུ་གསོལ། དེ་ནི་སྙན་པར་གྲགས་ཤིང་ལེགས་ཏེ། མུ་ནི་གཟིགས་ཤིང་འབྱུང་བར་འཚལ་ལོ།། ཞེས
41b3 གསོལ་བ་བཏབ་པོ།། གཞན་ཡང་ཀླུ་མོ་ཆེན་མོ་བརྒྱད་པོ་འདི་དག་སྟེ། མུན་ཞེས་བྱ་བ་དང་། འགོ་འདོད་ཅེས་བྱ་བ་དང་། མཐེན་མོ་ཞེས་བྱ་བ་དང་། གྲང་མོ་ཞེས་བྱ་བ་དང་། འུར་གྲང་མོ་ཞེས་བྱ་བ་དང་། ལྔ་འཐོར་མ་ཞེས
41b4 བྱ་བ་དང་། སྣ་ཚོགས་སྡེ་ཞེས་བྱ་བ་དང་། དྲི་ཟ་མོ་ཞེས་བྱ་བ་དག་གིས་ཀྱང་གནས་རྟེན་ཆེན་པོའི་རྐང་པ་ལ་ཕྱག་འཚལ་ཏེ། ཐལ་མོ་སྦྱར་བ་བྱས་ནས། རབ་ཏུ་གུས་པས་འདི་སྐད་ཅེས་སྨྲས་སོ།། ཐུགས་རྩེ་བ་ཅན་ནགས
41b5 དེ་ནི་གཤེགས་ཤིང་བཞུགས་པའི་རྣམ་ཡིན་ཏེ། བདག་ཅག་ཀྱང་ཉེ་ག། ནས་བགྱིད་ལ་གཞན་དག་ཀྱང་གཟུང་དུ་གསོལ། དེ་ནི་སྙན་པར་གྲགས་ཤིང་ལེགས་ཏེ། ཆུ་ནི་གཟིགས་པར་འབྱུང་བར་འཚལ་ལོ།
41b6 ཞེས་གསོལ་བ་བཏབ་པ་དང་། ཚེ་དང་ལྡན་པ་རབ་མཐོང་ཆེན་པོ་ཅང་མྱཾ་སྨྲ་བས་དང་ཏུ་བླངས་སོ།། ལྷ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་མི་དང་། དྲི་ཟ་དང་ལྟོ་འཕྱེ་ཆེན་པོ་ལ་སྩོགས
41b7 པ་དེ་དག་གིས་ཚེ་དང་ལྡན་པ་རབ་མཐོང་ཆེན་པོས་ཅང་མྱི་སྨྲ་བས་དང་དུ་བླངས་པར་རིག་ནས་དཀའ་མགུའ་ཡི་རངས་པར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་རབ་མཐོང་ཆེན་པོས་སྟོནད་པའི་ཞལ་ཏུ་ལྟ་མཐོང་ནས། ཏ་མ་ལ
41b8 ནགས་སུ་སོང་སྟེ་ཕྱི་ནད་ནས་བླ་གབ་མྱེད་པར་འགྲེང་སྟེ་འགན་ཏེ་བརྡུངས་སོ།། འགན་དེ་སྒྲ་དེས་འཛམ་བུ་གླིང་ཁྱབ་པར་སྨྲ་གྲག་པར་གྱུར་པ་ན། དགེ་སློང་དག་གིས་སྒྲ་དེ་ཐོས་ཏེ་སེམས་པ་ལ་ཞུགས་པ་དང་། སྒྲ་འདི་ནི།
41b9 མུན་གི་ནགས་ནས་བྱུང་ངོ་སྙམ་མོ།། དེ་ཡང་སྔོན་གི་ཡང་དག་པར་རྫོགས་པའི་སངས་རྒྱས་དག་གི་བཞུགས་གནས། རང་སངས་རྒྱས་རྣམས་ཀྱིས་གནས་པ་འདོད་ཆགས་དང་བྲལ་བ་དག་དང་། དྲང་སྲོང་དག་གི་གནས་སུ