| e-texts navigator |
| Wylie |
39b1 བཅས་པ་དག་ཀྱང་རིམས་བཞིན་དུ་མྱ་ངན་ལས་འདས། བསྟན་པ་ནུབ་ནས། རང་སངས་རྒྱས་བདུན་ཁྲི་དག་མངོན་པར་ཤེས་པ་དྲུག་དང་ལྡན་པ་དག་མཉམ་དུ་བྱུང་སྟེ་གཤེགས་ཤིང་བཞུགས་པར་གྱུར་། རང་སངས་རྒྱས་དེ
39b2 དག་ཀྱང་མྱ་ངན་ལས་འདས་ནས། དྲང་སྲོང་དྲུག་ཁྲི་མངོན་པར་ཤེས་པ་ལྔ་དང་ལྡན་པ་དག་ཀྱང་དེ་ཉིད་དུ་གནས་པར་གྱུར་ཏོ།། བཙུན་པ་རབ་མཐོང་ཆེན་པོ་དེ་ནས་ཡང་བསྐལ་བ་དྲུག་བཅུ་རྩ་གཅིག་ན། བཅོམ་ལྡན་འདས
39b3 ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་སྟེ།། དེའི་དགེའ་སློང་རབ་གསལ་ཞེས་བྱ་བ་ལྷ་དང་མྱིས་མཆོད་པའི་མཆོག་ཏུ་གྱུར་པ་ཡང་དེ་ཉིད་ནའོ།། མཚམས་ཀྱི་རི་དེ་ཉིད་ལ
39b4 རྩའི་རིགས་རོ་ཧ་ཏ་ཞེས་བྱ་བ་སྐྱེ་བས་རོ་ཧི་ཏི་རོ་ཞེས་བྱ་བར་བཏགས་པར་གྱུར་།། ཀླུ་མོ་གོས་མྱེད་ཅེས་བྱ་བ་གནས་པས་ཀོས་མྱེད་ཀྱི་ནགས་ཞེས་བྱ་བར་བཏགས་པར་གྱུར་པ། ཤིང་ཤི་ག་སྐྱེ་བས་ཤིར་ཤོའི་ཕུག
39b5 ཅེས་བཏགས་པར་གྱུར་པ། ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་འཁོར་གྱི་དགྲ་བཅོམ་པ་བདུན་ཁྲི་དང་ཡང་དེར། གཤེགས་ཤིང་ཐབས་གཅིག་ཏུ་བཞུགས་པར་གྱུར་པ། དེ་དག་ཀྱང
39b6 མྱ་ངན་ལས་འདས། བསྟན་པ་ནུབ་ནས་རང་སངས་རྒྱས་དྲུག་ཝི་ཡངབ་དེར་གཤེགས་ཤིང་བཞུགས་པར་གྱུརཔ། རང་སངས་རྒྱས་དེ་དག་ཀྱང་མྱ་ངན་ལས་འདས་ནས། དྲང་སྲོང་ལྔ་ཁྲི་ཡང
39b7 མངོན་པར་ཤེས་པ་ལྔ་དང་ལྡན་པ་དེ་ཉིད་ན་གནས་པར་གྱུརྡ་ཏོ།། བཙུན་པ་རབ་མཐོང་ཆེན་པོ་དེ་ནས་ཡང་བསྐལ་ད་པ་སུམ་བཅུ་རྩ་གཅིག་པ་ན་ཡང་དག་པར་རྫོགས་པོའི་སངས་རྒྱས་ཐམས་ཅད་སྐྱོབ
39b8 ཅེས་བྱ་བ་འཇིག་རྟེན་ཏུ་བྱུང་སྟེ། དེའི་དགེ་སློང་ཆོས་གསལ་ཞེས་བྱ་བ་ལྔ་དང་མྱིས་མཆོད་པོའི་མཆོག་ཏུ་གྱུར་པ་ཡང་དེ་ཉིད་ནའོ།། མཚམས་ཀྱི་རི་དེ་ལ་རྩའི་རིགས་བཱ་ས་པ་ཞེས་བྱ་བ་སྐྱེ་བས་པ་ས་པོའི་རི་ཞེས
39b9 བཏགས་པར་གྱུརཔ། ཀླུ་མོ་བྲག་ཅེས་བྱ་བ་གནས་པས་བྲག་ཀི་ནགས་ཤེས་བཏགས་པར་གྱུར་པ། ཤིང་ཨ་ཤད་ད་སྐྱེ་བས། ཨ་ཤ་ཐའི་ཕུག་ཅེས་བཏགས་པར་གྱུར་ད། ཡང་དག་པར་རྫོགས་པའི་སངས་རྒྱས་ཟས