| e-texts navigator |
| Wylie |
38b1 འོངས་པ་ཡིན་ཞེས་དྲིས་པ་དང་།། དེས་སྨྲས་པ་ཡུལ་དབུས་ནས་འོངས་པ་ཡིན་ཏེ།། དེ་ཡང་གྲོ་བ་ཁྱེར་ཆེན་པོ་དྲུག་གོ།། དེའི་ནང་དག་ཚད་མ་དྲུག་ལ་མཁས་ཤིང་ལྟས་ཀྱི་བྱ་བ་དྲུག་ལ་ཐོགས་པ་མྱེད་པར། བརྗོད་ནུས་པའི་སྟོནད་པ།
38b2 བཅོལ་བརྒྱད་ཡོད་དེ་དེ་ན་ཆུ་ཀླུ་པ་ཡང་འབབ་པ་དེ་མ་ཡིན་པ་བསོད་ནམས་ཆེན་པོ་དང་ལྡན་པ་དཀའ་ཞིང་ཤིས་པ་འཇིག་རྟེན་ཐམས་ཅད་མཁྱེནད་པ་སངས་རྒྱས་བཅོམ་ལྡན་འདས་ཀྱང་དེ་ནའོ་ཞེས་བྱས་པ་དང་། རབ་མཐོང་ཀིས
38b3 སྨ་དེ་ཟོས་པ་དང་། བ་སྤུ་ལངས་ཡིད་གཡོས་རབ་ཏུ་དགའ་སྟེ། དེར་འགྲོའོ་སྙམ་ནས། ཕའི་གན་དུ་སོང་སྟེ་ཕྱིནད་ནས་ཡབ་བདག་ནི་ཡུལ་དབུས་སུ་མཆིའོ།། དེ་ནས་མུ་སྟེགས་ཅན་དག་ལས་རྒྱལ་བར་བགྱིའོ།།
38b4 མཁས་པར་བགྲངས་པ་དག་དང་ངེས་པར་ལྡན་གཅིག་སྨྲ་བར་བགྱིའོ།། ཞེས་གསོལ་པ་དང་། བས་དེ་ལྟར་གནང་ངོ་པོ།། དེ་ནས་བསོད་ནམས་ཆེན་པོ་སྦྱིན་པ་དབང་ཕྱུག་ཆེན་པོ་དང་ལྡན་པ། སེམས་ཅན་ཐམས
38b5 ཅད་ལ་གཏོང་བ་ཆེན་པོ་ཅན་དེ་ལྷ་དག་ཁྲི་བཟུངས་པ་ཞིག་པས་དག་ཀྲི་ཉི་ང་འོདས། འགྲོ་སྟེ། རབ་མཐོང་ཆེན་པོ་ལ་མཆོད་པ་བྱོས་ཤིག་དང་། ཕན་ཡོ་དན་མང་པོ་དཀ་ཀཾ་འབྲས་བུ་ཆེན་པོ་འབྱུང་བར་འགྱུར་རོ་ཞེས་སྒྲ་སྒྲོགས
38b6 ཤིར་སོང་བ་དང་། རིམས་ཀྱིས་ལྷ་དང་མྱིས་མཆོད་པ་བྱས་ཤིང་མཉན་ཡོད་དུ་ཕྱིནད་ཏོ།། དེ་ནས་ལམ་གྱིས་དུབ་པ་རྟ་བསྟིས་སྟེ། བཅོམ་ལྡན་འདས་ཀྱི་ག་ལ་བ་དེར་སོང་སྟེ་ཕྱི་ནད་ནས། བཅོམ་ལྡན
38b7 འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་ཆོས་བསྟནད་པ་མཛད་དེ།། དེའི་འཁོར་ལྔ་པོ་ལྷག་པ་མཆོག་ཏུ་འཛིནད་པ་ཤིག་བཅོམ་སྟེ།
38b8 བདེན་པ་མཐོང་སྟེ་དེ་ཉིད་དུ་རབ་ཏུ་བྱུང་དགེའ་སློང་གི་དངོས་པོ་བཟུང་སྟེ། ཉོན་མོངས་པ་ཐམས་ཅད་བཅོམ་ནས། དགྲ་བཅོམ་པ་མངོན་ཏུ་བྱས་སྟེ། དཀའ་བོ་ནི་མ་གཏོགས་སོ།། སྐྱེ་བོ་མང་པོ་ཀུན་གྱིས་ཀྱང་ཆོས་ཁོང་ཏུ
38b9 ཆུད་དོ།། གཏོང་བ་ཆེན་པོ་རབ་མཐོང་བལྟ་བའི་ཕྱིར་ལས་བསྩོགས་པ་དག་ཀྱང་འོངས་ཏེ། དེར་ཕྱིནད་པ་དང་། བཅོམ་ལྡན་འདས་ཀྱིས་བགེའ་སློང་རྣམས་ལ་བཀའ་སྩལ་ད་པ། དགེའ་སློང་དག་དགེའ་སློང་རབ