e-texts navigator
Collection
Volume
Page
Wylie

37b1 མྱིའི་ཚུལ་གྱིས་བརྩིས་ན་ལོ་བྱེ་བ་ཕྲག་ཉིས་སྟོང་སུམ་བརྒྱ་དང་། ལོ་བརྒྱ་ཕྲག་སྟོང་བཞི་བཅུ་ཡོད་དེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གན་ལ་ལན་ཅིག
37b2 གནས་པ་ནི། ལུས་དང་བྲལ་ན་འཕྲུལ་དགའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བ་དེ་ནི་གནས་ཡིན་ཏེ།། གནས་འཇོག་ངས་འདི་ལས་དགོངས་ནས། ལཱུའི་བདེ་བ་ལ་བརྟེན་ནས་མྱིའི་རྒྱལ་སྲིད་དམན་ནོ་ཞེས་བཀའ
37b3 སྩལ་ཏོ།། གནས་འཇོག་གང་མྱི་རྣམས་ཀྱི་ལོ་སྟོང་ཕྲག་བཅུ་དྲུག་ལ་གཞན་འཕྲུལ་དབང་བྱེད་གི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་སྟེ། ཉིན་ཞག་གི་ཚད་དེའི་ཞག་བཅོ་ལྔ་ལ་ཟླ་བ་བྱེད། ཞག་དེ་སུམ་བཅུའ་ལ་ཟླ་བ
37b4 གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ལོར་བརྩིས་པའི་ཚུལ་དེས་ལྷའི་ལོ་ཁྲི་དྲུག་སྟོང་གང་ཡོད་པ་དེ་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ནོ།། མྱིའི་ཚུལ་གིས་བརྩིས་ན་ལོ་བྱེ་བ
37b5 ཕྲག་དགུ་བརྒྱ་ཉི་ཤུ་རྩ་གཅིག་དང་། ལོ་བརྒྱ་ཕྲག་སྟོང་དྲུག་བཅུ་ཡོད། དོ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཀང་དད་པ་དང་ལྡན་པ་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ
37b6 ལན་གཅིག་གནས་པ་ནི། ལུས་དང་བྲལ་ནས་གཞན་འཕྲུལ་དབང་བྱེད་གི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བ་དེ་ནི་གནས་ཡཾ་ན་ཏེ། གནས་འཇོག་ངས་འདི་ལ་དགོངས་ནས་ལྷོའི་བདེ་བ་ལ
37b7 བརྟེན་ན་མྱིའི་རྒྱལ་སྲིད་དམན་ནོ་ཞེས་བཀའ་སྩ་སར་ཏོ།། གནས་འཇོག་ཁྱོད་འཕགས་པའི་ལམ་ཡན་ལག་རྒྱང་དང་ལྡན་པའི་བསྙེན་གནས་དེ་ལ་ཉེ་བར་གནས་པར་གྱིས་ཤིག། ཆོ་འཕྲུལ་གྱི་ཕྱོགས་ལ་ཡང་ནན་ཏན་གིས
37b8 བསྒྲུབས་ཤིག། སྒྲ་དང་མྱི་རྣམས་ཀྱི་འདོད་པ་ལ་ཡང་སྤྱད་པར་གྱིས་ཤིག། དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་གནས་འཇོག་གིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀོའུ་ཏ་མ་བདག་གིས་ནི་ཡུམ་རིང་ཞིག་ནས། དགུང
37b9 ཟླ་རེ་རི་མ་དཀའ་ཐུབ་དྲག་པོ་སྐྱོ་སྐྱེར་བགྱིས་པ་མི་བདག་གིས་ཅི་ཡང་མ་སྙེད་དེ། བདག་ནི་རིང་སླན་ཅད་སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་དང་དགེ་འདུན་ལ་ཡང་སྐྱབས་སུ་མཆིའོ།། མཐུལ་ཇི་ལྟར་བ་དང་། སྟོབས




iiif viewer powered by OpenSeadragon

37a - 38a

Texts on this page

Ng22.4 - 'phags pa gnas 'jog pa'i mdo zhes bya ba