| e-texts navigator |
| Wylie |
37a1 ལྔའི་བདེ་བ་ལ་བརྟེན་ནས། མྱིའི་རྒྱལ་སྲིད་དམན་ནོ་ཞེས་བཀའ་སྩལ་ཏོ།། གནས་འཇོག་གར་མྱི་རྣམས་ཀྱི་ལོ་ཉིས་བརྒྱ་ལ་འཐབ་བྲལ་གི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་སྟེ། ཉིན་ཞག་གི་ཚད་དེའི་ཞག་བཅོ་ལྔ་ལ
37a2 ཟླ་བ་ཕྱེད། ཞག་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ཚུལ་དེས་བརྩིས་པའི་ལོ་གཉིས་སྟོང་གང་ཡིན་པ་དེ་ནི་འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ནོ།། མྱིའི་ཚུལ་གིས་བརྩིས་ན་ལོ་བྱེ་བ་ཕྲག་བཅུ་བཞི
37a3 དང་། ལོ་སྟོང་ཕྲག་བཅུ་ཡོད་དེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དད་པ་དང་ལྡན་པ་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན་གཅིག་གནས་པ་ནི། ལུས་དང་བྲལ་ན་འཐབ་བྲལ་གི་ལྷ་རྣམས
37a4 དང་སྐལ་བ་མཉམ་པར་སྐྱེ་བ་དེ་ནི་གནས་ཡིན་ཏེ།། གནས་འཇོག། ངས་འདི་ལས་དགོངས་ནས་ལྷོའི་བདེ་བལ་བརྟེན་ན་མྱིའི་རྒྱལ་སྲིད་དམ་ན་ནོ་ཞེས་བཀའ་སྩལ་ཏོ།། གནས་འཇོག་གང་མྱི་རྣམས་ཀྱི་ལོ་བཞི
37a5 བརྒྱལ་ལ་དཀའ་ལྡན་གྱི་ལྷ་རྣམས་ཀྱི་ཉིན་ཞག་ཅིག་སྟེ། ཉིན་ཞག་གཅི། ཀ་གི་ཚད་དེའི་ཞག་བཅོལ་ལྔ་ལ་ཟླ་བ་ཕྱེད། ཞག་སུམ་བཅུ་ལ་ཟླ། བ་གཅིག།། ཟླ་བ་བཅུའི་གཉིས་ལ་ལོ་གཅིག་སྟེ། ཇི་ལྟར་ལོ་བརྩིས་པ
37a6 ཚུལ་གྱིས་ལྷའི་ལོ་བཞི་སྟོང་གང་ཡིན་པ་དེ་ནི་དཀའ་ལྡན་གྱི་ལྷ་རྣམས་ཀྱོ་ཚེའི་ཚད་ཡིན་ནོ།། མྱིའི་ཚུལ་ཀིས་བརྩིས་ན་ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དང་། ལོ་བརྒྱ་ཕྲག་སྟོང་དྲུག་བཅུ་ཡོད་དེ།། གནས་འཇོག
37a7 རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན་ཅིག་གནས་པ་ནི། ལུས་དང་བྲལ་ན་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བ་དེ་ནི་གནས
37a8 ཡིན་ཏེ། གནས་འཇོག་རས་འདི་ལ་དགོངས་ནས། ལྷའི་བདེ་བ་ལ་བརྟེན་ན་མྱིའི་རྒྱལ་སྲིད་དམན་ཞེས་བཀའ་སྩལ་ཏོ།། གནས་འཇོག་གར་མྱི་རྣམས་ཀྱི་ལོ་བརྒྱ་ལ་འཕྲུལ་དཀའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་སྟེ།། ཉིན
37a9 ཞག་གི་ཚད་དེའི་ཞག་བཅོ་ལྔ་ལ་ཟླ་བ་ཕྱེད། ཞག་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ལོར་བརྩིས་པའི་ཚུལ་དེས་ན་ལྷའི་ལོ་བརྒྱ་སྟོང་གང་ཡིན་པ་དེ་ནི་འཕྲུལ་དཀའི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ནོ།།